e-texts navigator
Collection
Volume
Page
Wylie

145a1 པས་བྱས་ན་སྔགས་པ་འཇིག་རྟེན་པས་དབྱེས་པར་འགྱུར་རོ། ། ཇི་ལྟར་བྱེ་བྲག་མི་བྱསྟེ།། གང་ལ་ཡང་བྱེ་བྲག་སྦྱིན་པར་མི་བྱའོ།། བྱེ་བྲག་ཕྱེ་ན་སྔགས་པས་དངོས་གྲུབ་མི་འགྲུབ་བོ།། དེས་ཅུང་གཞན་ལས་ཀྱང
145a2 བཤད་ད། ། ཇི་ལྟར་བྱེ་བྲག་མ་སྐྱེས་པ།། དེ་བཞིན་བྱ་བའི་བྱེ་བྲག་སྨྲས།། རྡོ་རྗེ་སེམས་དཔས་ཀྱང་མི་འགྲུབ།། གང་གི་མདུན་དུའང་སྔགས་པ་ཡིས།། དེ་ཕྱིར་ལས་རྣམས་མཐོང་མི་བྱ།། གཞན་དང་ལྷན་ཅིག་དུ་མི་བྱ།།
145a3 གལ་ཏེ་སྔགས་པས་ལས་བྱ་འདོད།། དེ་དག་གཅིག་པུ་ཞིག་གིས་བྱ།། སྔགས་པ་དེ་ཡིས་ལས་ཀུན་བྱེད།། འདི་ནི་འཇམ་དཔལ་འཇམ་པའི་མཆོག་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་གྱི་རྒྱུད་ལས་སྦྱིན་སྲེག་གི་ལས
145a4 ཀྱི་ཆོ་ག་རྒྱ་ཆེ་བའི་རྟོག་པ་སྟེ་དྲུག་པའོ། ། དེ་ནས་བསམ་གཏན་གྱི་ལས་ཀྱི་ཆོ་ག་ཇི་ལྟ་བ་ཡང་དག་པར་གསུངས་ཏེ། བསམ་གཏན་དང་སྔགས་ཀྱི་རབ་ཏུ་སྦྱོར་བ་ལས་དགོས་པ་ཐམས་ཅད་རབ་ཏུ་བསྒྲུབ་པར་བྱ་སྟེ།
145a5 དེའི་ཆོ་གའི་དང་པོར་རེ་ཤིག་རྣལ་འབྱོར་པ་མ་ཧེའི་གདོང་པའི་སྦྱོར་བ་ལ་གནས་པའི་སྔོན་དུ་སྦྱང་བ་བྱས་པས་ལས་ཐམས་ཅད་བྱའོ།། །། ར་བ་ལས་ཡོངསུ་གྱུར་པའི་མེའི་དཀྱིལ་འཁོར་ཀུན་དུ་གསལ་བར
145a6 འབར་བར་རྣམ་པར་བསམས་ལ། དེའི་སྟེང་དུ་བསྒྲུབ་བྱ་གཅེར་བུར་སྒྲ་བཤིག་པ། བྲེད་པར་གྱུར་པ་བདག་གི་བདུན་དུ་རྣམ་པར་བསམ་མོ།། དེ་ནས་རང་གི་ལུས་ཁྲོ་བོའི་གཟུགས་མང་པོ་རྣམ་པར་སྤྲོས་ཏེ། ཁྲོ་བོ་དེ
145a7 རྣམས་ཀྱིས་རལ་གྲི་བཏབ་ཅིང་ཁྲག་འཐུངས་པར་བསམ་པར་བྱའོ། ། བསྒྲུབ་བྱ་དེའི་ཤ་ཟ་བ་དང་། རྒྱུམ་དྲངས་པར་བསམ་པར་བྱའོ།། དེ་སྐད་སླ་བར་བྱ་སྟེ། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་དང་། བླ་མ་ལ་སྲུང
145a8 བ་འདེབས་པ་ལ་རྒྱོབ་ཅིག་རྒྱོབ་ཅིག། སོད་ཅིག་སོང་ཅིག་བསམས་པ་ཙམ་གྱིས་རྡོ་རྗེ་འཛིན་པ་ཡང་ཞག་བདུན་གྱིས་འཆི་ན། ཕྲ་མོའི་སྲོག་ཆགས་གཞན་ལྟ་ཅི་སྨོས། དེ་ནས་གཞན་ཡང་བསམ་གཏན་གྱི་རབ་ཏུ་སྦྱོར་བ




iiif viewer powered by OpenSeadragon

144b - 145b

Texts on this page

Q105 - dpal rdo rje 'jigs byed kyi chen po'i rgyud ces bya ba