e-texts navigator
Collection
Volume
Page
Wylie

140b1 བདག་མེད་པའི་ངོ་བོར་བྱས་ནས། ནམ་མཁའི་དཀྱིལ་དུ་ཡཾ་གི་རྣམ་པར་ལས་གྲུབ་པའི་རླུང་གི་དཀྱིལ་འཁོར་མདོག་དུ་བའི་རྣམ་པ་བསམ་མོ།། དེའི་སྟེང་དུ་དང་པོའི་དབྱངས་ཡིག་ལས་གྱུར་པའི་ཟླ་བའི་དཀྱིལ
140b2 འཁོར་དམིགས་ཏེ། དེའི་སྟེང་དུ་དྷིའི་རྣམ་པ་ལས་འཇམ་དཔལ་གཞོན་ནུའི་གཟུགས་སུ་གྱུར་པར་བསམ་པར་བྱའོ།། དེར་ཨའི་རྣམ་པ་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར་བསམ་སྟེ།། ཉི་མའི་དཀྱིལ
140b3 འཁོར་དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་དང་རིག་པའི་ལྷ་མོ་དང་ཁྲོ་བོ་ལ་སོགས་པའི་ཤིན་དུ་བསྐུལ་ཏེ། ། ཡང་འོངས་ནས་ཉི
140b4 མའི་དཀྱིལ་འཁོར་ལ་བཞུགས་པར་བསམ་མོ། ། དེ་ནས་ཡང་འཇམ་དཔལ་དང་དེ་བཞིན་གཤེགས་པ་ལ་སོགས་པ་དེ་རྣམས་གཅིག་ཏུ་གྱུར་ནས། ཉི་མའི་དཀྱིལ་འཁོར་དུ་བསམ་པར་བྱའོ།། འོད་ཟེར
140b5 འབར་བའི་རྣམ་པས་དཔག་ཚད་སྟོང་ཕྲག་དརྒྱར་ཁྱབ་པར་གསལ་བར་བྱའོ། ། དེའི་སྟེང་དུ་ཧཱུ~ཾ་མདོག་ནག་པོའི་འོད་ཟེར་ལྔ་དང་ཡང་དག་པར་ལྡན་པར་བསམ་སྟེ། ཧཱུཾ་དེ་ལས་འོད་ཟེར་གྱི་རྣམ་པར་འཕྲོས
140b6 པས། ། སྔོན་དུ་གསུངས་པ་བཞིན་དུ་ཡང་ཞུགས་ཏེ། ཡི་གེ་དེ་ལས་རྡོ་རྗེ་ཆེན་པོ་རྣམ་པར་གདེངས་པ་ཁ་དོག་ནག་པོའི་འོད་ཟེར་ལྔ་དང་ལྡན་པ་རྣམ་པར་དམིགས་པར་བྱ་སྟེ། རྡོ་རྗེ་དེ་ལས་ཕྲ་མོའི་རྣམ་པ་སངས
140b7 རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་རིག་པའི་ལྷ་མོས་ནམ་མཁའ་ཏིལ་གྱི་གང་བུ་ལྟར་གང་ཉི་མ་ལ་གནས་པ་རྣམ་པར་བསམ་པར་བྱའོ། ། དེ་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་ནི་སེམས་ཅན
140b8 ཡོངས་སུ་སྨིན་པར་བཏུལ་ནས་བྱང་ཆུབ་ལ་རབ་ཏུ་བཀོད་དེ། ། ཡང་དེ་ཉིད་ལྷན་ཅིག་ཏུ་བསྡུས་ནས་རྡོ་རྗེའི་གཟུགས་བརྙན་ལ་རབ་ཏུ་ཞུགས་པར་བསམ་མོ།། རྡོ་རྗེའི་གཟུགས་དེ་ཉིད་ཞལ་དགུ་པ། མ་ཧེའི




iiif viewer powered by OpenSeadragon

140a - 141a

Texts on this page

Q105 - dpal rdo rje 'jigs byed kyi chen po'i rgyud ces bya ba