| | e-texts navigator
|
138b1 རླུང་གི་ཤུགས་བཞིན་དུ་འགུག་པར་འགྱུར་རོ། ། དེ་ནས་སྔགས་པས་སྐྱོ་བར་བྱ་བར་འདོད་ན་དྷ་དུ་རའི་འབྲས་བུ་ཟངས་ལ། ཤ་ཆེན་དང་ལྷན་ཅིག་པུ་ཤིང་སྲིན་གྱིས་ཟོས་པའི་བྱེ་མ་དང་བསྲེས་ནས་བཟའ་བ་དང་བཏུང་བ་ལ་ནི
138b2 སྤྱན་ནོ། ། སྔགས་ཀྱང་བཟླས་པ་བྱ་སྟེ། དེ་སྐད་ཅིག་གིས་སྐྱོ་བར་འགྱུར་ཞིང་ཞག་བདུན་གྱིས་འཆིའོ།། དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་གསུངས་པ། གཤིན་རྗེའི་སྔགས་སུ་དུར་ཁྲོད་ཀྱི་རས་ལ་དུག་ལ་སོགས་པའི
138b3 རྫས་ཀྱིས་བྲིས་ཏེ། མར་མེ་ཆེན་པོ་དང་རྣམ་པར་སྣང་མཛད་ཀྱི་གཟུགས་བརྙན་བྱས་ལ། དེའི་སྙིང་ཁར་འཁོར་ལོ་བཅུག་ནས་པའི་གནག་སུ་སོང་ལ་རོ་བསྲེགས་པའི་མེ་ལ་མཚོན་རྣོན་པོས་ཆུབས་ནས་རྣམ་པར་བརྩེག
138b4 བའི་སྦྱོར་བས་རྣལ་འབྱོར་པ་གནས་ལ། རྣམ་པར་སྣང་མཛད་ཀྱིས་ལུས་བྱུགས་ཏེ།། ཁ་ལྷོར་བལྟས་ནས་བསྲེགས་ན་དེ་མྱུར་དུ་འཆིའོ།། དེ་ནས་འབྲལ་བའི་རབ་ཏུ་སྦྱོར་བ་འབྱུང་བ་ནི་བྱ་རོག་དང་འུག་པའི་རུས་པ་བླང
138b5 ན་དེ་གཉིས་ལ་ལྕགས་ཀྱི་ཚེར་མས་བསྒྲུབ་བྱའི་མིང་དང་ལྷན་ཅིག་ཏུ་ཡི་གེ་བཅུ་པའི་སྔགས་བྲིས་ལ། གཅིག་པུ་གནས་སུ་གནས་ཏེ། གང་གི་མིང་དང་བཅས་པར་བཟླས་ཤིང་། དེ་ཅིག་ལ་གཅིག་བྲུད་ན་འབྲལ་བར
138b6 འགྱུར་རོ། ། དེ་ནས་གཤིན་རྗེ་འཁོར་ལོ་གྲོ་གའི་མདབ་མ་ལ་བུད་མེད་དང་སྐྱེས་པའི་མིང་བྲིས་ནས་སྦལ་པའི་གསུས་པར་བཅུག་ན། གང་གི་མིང་དང་བཅས་ལ་ཐེམ་པའི་འོག་ཏུ་སྦས་ན། དེའི་ཡན་ལག་མཚོན
138b7 གྱིས་འབུགས་པར་འགྱུར་རོ། ། དེ་ནས་བུ་མོ་རེངས་པའི་རབ་དུ་སྦྱོར་བ་འདི་གཤིན་རྗེའི་སྔགས་དུར་ཁྲོད་ཀྱི་རས་ལ་དུག་ལ་སོགས་པས་བྲིས་ལ་རོ་བསྲེགས་པའི་སོལ་བས་གཟུགས་བརྙན་མཐོ་གང་ཙམ་གྱི
138b8 ཚད་བརྩིགས་ལ། དེའི་སྙིང་ཁར་འཁོར་ལོ་བཅུག་ནས་རྐང་པ་གཡོན་པས་མནན་ལ། མ་ཧེའི་སྦྱོར་བས་ཆེ་གེ་མོའི་ཕོ་མོ་མྱུར་བར་རེངས་པར་གྱུར་ཅིག་ཅེས་ཡི་གེ་བཅུ་པའི་སྔགས་བཟླས་ན་རེངས་པར་འགྱུ་རོ།།
iiif viewer powered by OpenSeadragon
138a - 139a