e-texts navigator
Collection
Volume
Page
Wylie

136a1 ལས་ཐམས་ཅད་ངེས་པར་འགྲུབ་པ། ། འདི་ནི་འཇམ་དཔལ་ཞེས་བྱ་བའི་མིང་དཔལ་རྡོ་རྗེ་འཇིགས་བྱད་ཆེན་པོའི་འཁོར་ལོའི་སྐྱེར་བའི་རྒྱུད་ལས་དཀྱིལ་འཁོར་བསྟན་པའི་ས་རྟོག་པ་དང་པོའོ།། དེ་ནས
136a2 ལས་ཀྱི་ཚོགས་ཀྱིས་ཆོ་ག་རབ་ཏུ་བཤད་དེ་རིམ་པ་ཇི་ལྟ་བ་བཞིན་དུ། བསད་པ་དང་སྐུད་པ་ལ་སོགས་པ་བསྔགས་པ་ས་ཁྲོས་པས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྦྱོར་བ་ལ་གནས་པའི་རྣལ་འབྱོར་གྱིས་བྱ་སྟེ།
136a3 དང་པོ་ཁོ་ནར་སྔགས་པས་རེ་ཤིག་གནོད་མཛེས་སུ་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། རྣལ་འབྱོར་གཙོ་བོ་ཡིན་པའི་ཕྱིར་རོ།། རྣལ་འབྱོར་གྱི་རྒྱུད་ལ་ལྷའི་སྦྱོར་བ་དང་ལྡན་པས་ཐོད་མ་ནི་བྱེ་སྟེ། མྱོ་བ་པོ་ཡིན་པའི་ཕྱིང་རོ། པ་དི་བ
136a4 ལྟར་གསད་པར་འགྱུར་འདོད་པའི་སྔགས་པས་དུར་ཁྲོད་ཀྱི་རས་ལ། དྲག་དང་ཁྲག་དང་། ལན་ཚ་དང་། སྐྱེ་ཚེ་དང་། ནིམ་པ་དང་། དྷ་དྲ་རའི་ཁྲ་བ་ཡིས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོ་ལི་ཚེ་བཅུ་དྲུག་པ་བྱ
136a5 རོག་ཆེན་པོའི་སྒྲོ་རྩེའི་སྨྱུ་གུའམ། མིའི་རུས་པའི་སྨྱུ་གུས་སྐྱེས་བུ་སྒྲ་བཤིག་པས་ཁ་ལྷོར་བལྟས་ཏེ། མ་ཧེའི་གདོང་གི་སྦྱོར་བས་བྲི་བར་བྱའོ།། མེ་གཉིས་ཀྱི་དབུས་སུ་བསྒྲུབ་བྱའི་མིང་དང་བཅས་པར་བཞག
136a6 ལ་དེ་ཡི་གེ་བཅུ་པས་བསྐོར་ཞིང་ཧཱུཾ་བརྒྱད་བྲི། ། ཟུར་རྣམས་སུ་ཕཊ་ཀྱི་ཡི་གེ་རྣམས་བྲི།། བདག་ཉིད་ཚ་བའི་མར་གྱིས་ལུས་བྱུགས་ལ། ཐོད་པ་གཉིས་ཀྱི་དབུས་སུ་འཁྲུལ་འཁོར་རབ་ཏུ་བཙུག་ལ
136a7 སྐྱེད་བུ་གསུམ་གྱི་སྟེང་དུ་བཞག་ནས་དུར་ཁྲོད་ཀྱི་མགལ་པས་མེ་རབ་ཏུ་སྦར་ཏེ། རྐང་པ་གཡོན་པས་མནན་ལ་ཡི་གེ་བཅུ་པའི་སྔགས་བཟླས་སོ།། དེ་ཡིས་སྐད་ཅིག་གིས་ཐེ་ཚོམ་མེད་པར་འཆིའོ།། གཞན
136a8 ཡང་རིམས་ཀྱིས་ཐེབས་པར་འདོད་ན་འཁོར་ལོ་དེ་ཉིད་མིའི་ཉ་ཕྱིས་གཉིས་ཀྱིས་དབུས་སུ་ལེགས་པར་བཞག་ལ་མེ་ཐབ་ཀྱི་འོག་ཏུ་ཟུ་ཕྱེད་བརྐོ་ས་ལ་བཅུག་ནས་མེ་སྦར་ན་རིམས་ནད་ཀྱིས་འཛིན་ནོ། ། དེ་ལ་ལེ་ཆེ




iiif viewer powered by OpenSeadragon

135b - 136b

Texts on this page

Q105 - dpal rdo rje 'jigs byed kyi chen po'i rgyud ces bya ba