| | e-texts navigator
|
100b1 པར་བྱ། ། རྣལ་འབྱོར་ཆེ་ལ་ནམ་གནས་པ།། དེ་བཞིན་གཤེགས་ཀྱི་བཙུན་མེ་ཆེ།། ཞེ་སྡང་རིགས་ནི་འདྲེན་མཛད་མ།། རྡོ་རྗེ་གདན་ཅན་མཱ་མ་ཀཱི།། རིན་ཆེན་འབྱུང་བའི་ལྷ་མ་དང་།། ལྷམ་འགྲོ་བ་དབང་མཛད་པ།
100b2 མཁའ་ལ་ལོངས་སྤྱོད་སྤྱོད་མཛད་མ།། རིམ་པ་བཞིན་དུ་ང་ཡིས་བཤད།། དེ་ནས་བུ་མོ་མིག་ཡང་ས་མ།། ལོ་ནི་བཅུ་དྲུག་ལོན་པ་ལ།། གཟུགས་དང་མདངས་དང་ལང་ཚོར་ལྡན།། གསེར་གྱི་རྣ་ཆ་གཡོ་བ་ཅན།།
100b3 གཅིག་གཅིག་བསྒྲིམས་ཏེ་བཙལ་ནས་སུ།། ལྷ་མོ་བྱི་དོར་ལེགས་བྱས་ཏེ།། རིགས་ལྔ་ཡི་ནི་ཚིགས་ཅན་མ།། ལས་ཀྱི་རྗེས་སུ་བསྒོམ་བྱས་ནས།། བཞག་ཏེ་སྤད་པའི་སྦྱོར་བ་ཡིས།། པད་མ་ལ་ནི་རྡོ་རྗེ
100b4 བཞག། སྤྲད་པ་དང་ནི་ཁྱད་པ་ཡིས།། རྡོ་རྗེ་དང་ནི་པད་མ་བསྐུལ།། གར་གྱི་ཚུལ་དུ་གྱུར་པ་དང་།། དེ་བཞིན་སྤྲོ་དང་སྡུ་བ་ཡིས།། མོད་ལ་སྒྱུ་མས་དྲག་མྱོས་ནས།། རྡོ་རྗེ་ལས་ནི་བདུད་རྩི་འབྱུང་།། རྣལ་འབྱོར
100b5 ལྡན་པའི་ཤེས་རབ་ལས། ། པད་མ་ལ་གནས་བདུད་རྩི་བཏུང་།། རྣལ་འབྱོར་ལྡན་པའི་ཁ་ཡིས་ནི།། མཐུངས་པས་དེ་བཞིན་གཤེགས་ལྔ་ཡི།། སྐུ་ནི་ཡོངས་སུ་འགྱུར་བར་འཐོབ།། ནམ་མཁའ་འདྲ་བའི
100b6 ཆོས་ཀུན་ལ། ། ཐབས་དང་ཤེས་རབ་རྣམ་པར་འཕེལ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། སྐུ་ཡི་སྙིང་པོ་བསྒྲུབ་པ་སྟེ།། འདོད་ལྔའི་ཡོན་ཏན་རྗེས་འཇུག་པའི།། བྱང་ཆུབ་བདེ་བས་བསྒྲུབས་ན་ནི།།
100b7 རྡོ་རྗེ་པད་མ་བྱིན་བརླབས་ནས།། རྗེས་སུ་ཆགས་པས་འཐོབ་པར་འགྱུར།། གྲུབ་ཆེན་གསང་བའི་དངོས་གྲུབ་ནི།། སྡུག་བསྔལ་མེད་པའི་བདེ་བའི་ཐབས།། རྗེས་སུ་ཆགས་པས་བདེ་བ་ཡི།། རྡོ་རྗེ་ཐེག
100b8 པས་གཉིས་པར་འགྱུར། ། སྦྱོར་བའི་ཁྱད་པར་འདི་ཡིས་ནི།། ལན་གསུམ་འཇུག་པའི་གསང་སྔགས་དང་།། ལམ་གྱི་ཕྱག་རྒྱ་ངས་བཤད་དེ།། དེ་དག་ལག་པའི་ཕྱག་རྒྱ་དག། ཡེ་ཤེས་ཕྱག་རྒྱ་རབ་གུལ
iiif viewer powered by OpenSeadragon
100a - 101a