| | e-texts navigator
|
8a1 རང་གཟུགས་སེམས་དཔའི་ཚུལ་གྱིས་ནི།། ལྷ་ཡི་སྙིང་ཁར་བསྒོམ་པར་བྱ།། སངས་རྒྱས་གཟུགས་དེ་དབྱུང་བར་བྱ།། འཇིག་རྟེན་ཁམས་འདི་སྤྲོ་བར་བྱ།། རང་གཟུགས་ཡེ་ཤེས་ཞེས་བརྗོད་པ།། འབར་བའི་ཐེང
8a2 པས་རྣམ་པར་བརྒྱན། བྱང་ཆུབ་སེམས་སུ་དེ་ཕྱུང་ནས།། འཇིག་རྟེན་ཁམས་སུ་འདི་སྤྲོ་བྱ།། རང་གི་གཟུགས་ཞེས་བརྗོད་པ་ནི།། འབང་བའི་ཕྲེང་བ་མཉམ་པའི་འོད།། རང་གི་གཟུགས་ཀྱིས་འོད་ཟེར་གྱིས།། ཞིང་འདིར་ཁྱབ་པས
8a3 རྣམ་བསྒོམ་བྱ། ། རང་གཟུགས་ལྕགས་ཀྱུར་དང་བྱས་ནས།། རང་གི་གཟུགས་ཀྱི་ལག་པར་དགོད།། ཆོ་ག་ཤེས་པས་བཀུག་ནས་ཀྱང་།། སངས་རྒྱས་གཟུགས་ལ་རབ་གཞུག་བྱ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས
8a4 ཅད་ཀྱི་རྗེ་བོས་དེ་སྐད་ཅེས་གསུངས་སོ། ། རང་གཟུགས་གཟུགས་ཀྱི་ཚུལ་གྱིས་ནི།། གསང་སྔགས་ཡི་གེ་རྣམ་པར་བསྒོམ།། རྡོ་རྗེ་སེམས་དཔའ་རྣམ་བསྒོམས་པས།། ཆོ་ག་ཤེས་པས་སྤྲོ་བར་བྱ།། བྱང་ཆུབ་སེམས་སུ་རང་གཟུག་མིན།
8a5 དེ་ཉིད་བསྒོམས་པས་བསྒོམ་པར་བྱ།། བགེགས་ནི་སྔགས་ལ་ཡང་དག་བསྐྱེད།། འཇིག་རྟེན་ཁམས་སུའང་སྤྲོ་བར་བྱ།། མི་སྡུག་གཙིགས་ཤིང་འཇིགས་པ་ནི།། བགེགས་ཀྱི་དགྲ་དེ་དབྱུང་བར་བྱ།། བྱང་ཆུབ་སེམས་དཔའ་དེ་ཕྱུང་ནས།།
8a6 འཇིག་རྟེན་ཁམས་འདིར་སྤྲོ་བར་བྱ།། རང་གཟུགས་ཉི་མའི་དབུས་གནས་པར།། རྣོན་པོ་འབར་བས་རྣམ་པར་བརྒྱན།། ལས་ཀྱི་རྡོ་རྗེ་ཤིན་དུ་མཛེས།། ཆོ་ག་ཤེས་པས་དབྱུང་བར་བྱ།། དང་པོའི་རྣལ་འབྱོར་ཡང་དག་བསྐྱེད།། ཤིན་ཏུ
8a7 བརྟན་པ་བརྟན་པའི་སེམས། ། ཆོག་ཉེ་བར་མཐོང་བ་ཡིས།། དང་པོའི་རྣལ་འབྱོར་ཡང་དག་བརྩམ།། རང་གཟུགས་ཨུད་པ་ལང་བསམས་ནས།། སྣ་ཚོགས་འོད་ཟེར་མཉམ་པར་ལྡན།། ལྷ་ཡི་གཟུགས་སུ་ཡང་དག་སྤྱོང། དེ
8a8 སྟེང་དུ་རྣམ་བསྒོམ་བྱ། ཇི་སྲིད་ནམ་མཁའི་དཀྱིལ་འཁོར་དུ།། སྔགས་པས་འཇིག་རྟེན་གསུམ་དུ་སྤྲོ།། སངས་རྒྱས་གཟུགས་ནི་ཡང་དག་བསྐྱེད།། ཁ་དོག་དཀར་པོ་ཤིན་དུ་མཛེས།། ཟླ་བའི་དཀྱིལ་འཁོར་དབུས་གནས་པར། ཡིད
iiif viewer powered by OpenSeadragon
7b - 8b