e-texts navigator
Collection
Volume
Page
Wylie

6a1 པར་བྱེད། ལྷ་ཡི་གཟུགས་ཀྱི་དབུས་གནས་པར།། སྙིང་ཁར་དེ་ལ་བསྒོམ་པར་བྱ།། ཞེས་བཅོམ་ལྡན་འདས་རྡོ་རྗེ་དམ་ཚིག་གིས་གསུངས་སོ།། རང་གཟུགས་སྤྱན་ཞེས་བྱ་བར་ནི།། བྱས་ནས་སངས་རྒྱས
6a2 རྣམ་པར་བསྒོམ། ། ཐུགས་ཁ་ཉིད་དང་ཐམས་ཅད་དུ།། མཁས་པས་རང་གཟུགས་བསྒོམ་པར་བྱ།། དེ་རུ་སྙིང་པོའི་ཚུལ་གྱིས་ནི།། སེམས་དཔའི་རྣལ་འབྱོར་རྣམ་པར་བསྒོམ།། རྒྱང་གྲགས་ཙམ་ལས་འདས་པར་ནི།། སངས
6a3 རྒྱས་གཟུགས་ནི་རྣམ་བསྒོམ་བྱ། ། གཟུགས་ཀྱིས་ནམ་མཁའ་འགོངས་པར་ནི།། སྙིང་པོ་རྣམས་ལས་ཡང་དག་བསྐྱེད།། རྒྱང་གྲགས་ཙམ་ལས་འདས་པར་ནི།། གསལ་བའི་དཀྱིལ་འཁོར་བསྒོམ་པ་ནི།། རང་གི་རྣལ་འབྱོར
6a4 ལེགས་བརྟན་བྱས། ། སངས་རྒྱས་ཡང་དག་རྣལ་འབྱོར་བསྒོམ།། རྒྱང་གྲགས་ཙམ་ལས་འདས་པར་ནི།། བྱང་ཆུབ་སེམས་ནི་རྣམ་པར་བསྒོམ།། ལྷ་ནི་ཡང་དག་བསྐྱེད་ནས་ནི།། སྔགས་ཀྱི་ཡི་གེ་རྣམ་པར་བསྒོམ།། མཐོ
6a5 གང་ཙམ་ལས་འདས་པར་ནི། ། པད་མའི་ཚུལ་དུ་རྣམ་པར་བསྒོམ།། རང་ལུས་དྲི་མ་མེད་བྱས་ནས།། གསལ་བའི་དཀྱིལ་འཁོར་བསྒོམ་པའོ།། དེ་དབུས་ལེགས་པར་བརྟན་བྱས་ནས།། རང་གཟུགས་དེང་ནས་དང་པོར
6a6 བསྒོམ། ། འོད་དཀར་འབར་བའི་ཕྲེང་བ་སོགས།། པད་མ་ལྔ་པོ་རྣམ་བསྒོམ་བྱ།། དེ་ཡི་དབུས་སུ་རང་གཟུགས་དང་།། གཞོགས་སུ་བཙུན་མོ་དགོད་པར་བྱ།། རང་གི་ཁུ་བ་དེང་སོགས་འབྱུང་།། ཆོ་ག་ཤེས་པས་སྤྲོ་བར་བྱ།།
6a7 སངས་རྒྱས་གཟུགས་ཀྱིས་ནམ་མཁའི་ཁམས།། ཀུན་དུ་གང་བར་བསྒོམ་པ་ནི།། རང་གཟུགས་རལ་གྲི་ལྟར་བྱས་ནས།། ཀུན་གྱི་སྙིང་ཁར་དགོད་པར་བྱ།། རང་གཟུགས་སངས་རྒྱས་ཡང་དག་སྦྱོར།། མཚན་ཉིད
6a8 ལ་སོགས་ཆོ་ག་རིམ་གྱིས། ། བྱང་ཆུབ་སེམས་དཔས་ནམ་མཁའི་ཁམས།། ཡང་དག་གང་བར་རྣམ་བསྒོམ་བྱ།། རང་གཟུགས་ཞགས་པ་ཡང་དག་སྦྱོར།། ཁྱབ་བདག་སངས་རྒྱས་གཟུགས་དགོད་བྱ།། ཇི་སྲིད་ནམ




iiif viewer powered by OpenSeadragon

5b - 6b

Texts on this page

Q87 - 'phags pa gnyis su med pa mnyam pa nyid rnam par rgyal ba zhes bya ba'i rtog pa'i rgyal po chen po