| | e-texts navigator
|
41a1 བསྲུབ་པ། ། གཙུག་ཏོར་གཟུགས་དང་ཡང་དག་ལྡན།། མེ་སྟག་འབེབས་པས་འཁྲུགས་པ་ཡི།། རང་ལྷའི་གཟུགས་དང་ཡང་དག་ལྡན།། རྡོརྗེ་ཕྲ་རབ་བྱེ་བ་ཡིས།། དུས་གསུམ་སངས་རྒྱས་བཞུགས་པའོ།། གྲགས་པར
41a2 ལྡར་པའི་དངས་གྲུབ་ཀྱན། འདི་ཉིད་ཀྱིས་ནི་བྱང་གྲུབ་པོག། ད་ལ་མ་ཆོག་ཏུ་བསྒྲུབ་པར་བྱ། དངོས་གྲུབ་ཅན་པོ་ཡོན་ཏན་འཐུང་།། བཅོམ་ལྡན་འདས་ཀུན་དུ་བཟང་པོ་རྔ་འཆང་ཆེན་པོས་དགད་ཅེས་གསུངས་སོ།། གཉིས་པ་མེད་པ་ས་ཉམ
41a3 བཉིད་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་ཆེན་པོར་སྔགས་ཐམས་ཅད་ཀུན་ལས་བཏུས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པ་རྫོགས་སྷོ། ། ། ད་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཐར་ཡང
41a4 འདུས་པར་གྱུར་ནས། ། ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པའི་རྡོ་རྗེའི་བཀོད་པས་ཡང་དག་པར་མཆོད་ནས། གསུང་གི་དེ་རྗེ་ཆོས་ཀྱི་གསུང་གི་ལམ་ངེས་པར་བསྐྱེད་པའི་རྔ་རྗེའི་རྡུལ་འདི་སྟོན་པར
41a5 མཛད་དོ། ། གསང་བ་དག་པ་དམིགས་པ་མེད།། ཡེ་ཤེས་ཡོན་ཏན་ཀུན་གྱི་གཞི།། ཀུན་ནས་ཡེ་ཤེས་བདག་མེད་པ།། གསང་བའི་ཡེ་ཤེས་ཕྱག་འཚལ་བསྟོད།། གསང་བའི་དེ་ཉིད་དོན་དང་ལྡན།། མཆོག་གི་སྤྱོད་པ་རྒྱ་མཚོ་ཆེ།། ཀུན་ནས་འདོད
41a6 བ་ཡང་དགའ་བྱུང་། རྡོ་རྗེ་ཡེ་ཤེས་ཕྱག་འཚལ་བསྟོད།། གཙོ་བའི་ཡེ་ཤེས་ཇི་ལྟར་གནས།། རྡོ་རྗེ་མི་བྱེད་གསུམ་གནས་པ།། རིགས་ཀྱི་ཕ་རོལ་ཕྱིན་པ་ཐོབ།། བྱང་ཆུབ་སྤྱོད་ལ་ཕྱག་འཚལ་བསྟོད།། སེམས་ཅན་ཀུན་སྐྱེས་ཅན་གྱི་མཆོག
41a7 སངས་རྒྱས་བྱང་ཆུབ་རབ་གཞུག་མཛད། ། རང་བཞིན་དག་པ་དག་པའི་མཆོག། སེམས་ཅན་སྐྱོབ་ལ་ཕྱག་འཚལ་བསྟོད།། ཆོས་སྐུ་ཐར་པ་ཆེན་པོ་སྟེ།། ཡིད་བཞིན་ནོར་བུ་མཐོང་བ་ཆེ།། སེམས་ཅན་ཀུན་དགྱེས་བྱེད་པ་པོ།། དག་པའི་སྤྱོད
41a8 ལ་ཕྱག་འཚལ་བསྟོད། ། དེ་ནས་ཡང་ཡིད་བཞིན་གྱི་ནོར་བུའི་དམ་ཚིག་གི་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེའི་མཐོང་།
iiif viewer powered by OpenSeadragon
40b - 41b