e-texts navigator
Collection
Volume
Page
Wylie

40a1 ག་ཨས་ན་ས་ན
40a2 འབར། ཚོགས་རྒྱན་གྱིས་བརྩན་པ་ཡི།། ཕྱག་བཞི་པ་ལ་ཡིད་འོང་བར།། དབང་པོ་གཉིས་ཀྱིར་བསྦྱོར་བས།། དེ་མི་ཚོགས་བསྐོས་པ་ནི། འདི་ནི་འདོད་ཆགས་ཚུལ་བསྟན་པའོ།། གསུང་གིང་རྗེགཙོ་དངོས་ཐུག།། རྡོ་རྗེ་རྗེ་མ་རབ་བྱོར་སོགས་ཀྱིས།།
40a3 སྙི་རྗེའི་བདག་ཉིད་ཅན་གྱིས་སྟུག། ཞོམ་པ་ཡང་ནི་མྱུར་འབྲུབ་བྱེད། ཆོས་འཆང་བའི་དིམ་ཚིག་གི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ།། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དམ་ཅིག་ག་ང་རྗེ་རིགས་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན
40a4 ལ་སྙོམས་པར་ཞུགས་ཏེ། ། རྡོ་རྗེའི་རིགས་ཀྱི་དམཚིག་གི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་འདི་གསུངས་སོ།། འདོད་པའི་དཀྱིལ་འཁོར་བསམ་གཏན་གྱིས།། གཟུགས་ནི་དབུས་སུ་དགོད་པར་བྱ།། ལྡབ་བདག་ནི་བ་སེར་པོའི་མདོ།། སྤྱན་གསུམ་དུལ
40a5 ཞུགས་ཅན་གྱིས་བསྒོམ། ། ཀུན་དུ་དག་པའི་ཤེལ་དང་མཚུངས།། མེ་སྟག་ཚོགས་ཀུན་དུ་འཁྲུགས།། ཕྱག་བཞི་པར་ནི་ཆོ་ག་ཡིས།། བསྒོམ་བྱ་མྱུར་དུ་འགྲུབ་པར་བྱེད།། རྡོ་རྗེའི་མཐར་ཐུག་ནོར་དངོས་གྲུབ།། རབ་ཏུ་གནས་པས་དེ་བསྒྲུབ་བྱ།། འདི་དེ་སྔག།
40a6 རྣམས་ཐམས་ཅད་ཀྱི།། ཐར་པའི་ཏིང་འཛིན་སྙིང་པོ་ཅན།། སྐུ་གསུང་ཐུགས་ཀྱི་བསྒོམ་པ་ནི།། རྡོ་རྗེ་སེམས་དཔས་སྤྲུལ་བ་ཡིན།། རྡོ་རྔོ་མ་དྲུང་གི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ནོ།། ཇི་སྲིད་གཟུགས་ནི་ཀུན་སྦྱོར་བ།། དེལ་ལྷ་ཉིད་རབ་ཏུ་ཟགས། ས་པ
40a7 ཡང་འདི་ཡི་ཚུལ་གྱིས་ནི། ། སྐྱེད་པར་བྱེད་པའི་ཆོ་གར་འགྱུར།། བཅོམ་ལྡན་འདས་རྡོ་རྗེསམས་དཔས་དེསད་དཅེས་གསུངས་སོ།། རང་གི་སྔགས་ཡིག་དབྱིབས་སམ།། ཡང་ན་རིགས་ཀྱི་རིག་པ་ཡིས།། རིགས་ཀྱི་བདག་པོའི་སྔགས་ཀྱིས་སམ།། རྟུལ
40a8 ཞུགས་ཅན་གྱི་རིག་རྒྱལ་པོས། ། ཐམས་ཅད་ལས་ཅན་སྔགས་ཀྱིས་དང་། གཙུག་ཏོར་སྔགས་ཀྱིས་རྣམ་བསྒོམ་བྱ།། འདི་སྔགས་རྣམས་ཐམས་ཅད་ཀྱི།། གསང་བའི་དེ་ཉིད་གསུངས་པ་ཡིན།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེ་སྐད་ཅེས་གསུངས།




iiif viewer powered by OpenSeadragon

39b - 40b

Texts on this page

Q87 - 'phags pa gnyis su med pa mnyam pa nyid rnam par rgyal ba zhes bya ba'i rtog pa'i rgyal po chen po