e-texts navigator
Collection
Volume
Page
Wylie

3a1 བྱེད་པའི་ཆུ་རང་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཡེ་ཤེས་ཀྱི་རིགས་རང་གི་ཏིང་ངེ་འཛིན་སྟོན་ཏོ།། ལོགས་བཞི་པ་ལཟུར་བཞི་པ།། རིན་ཆེན་བཞི་དང་ཡང་དག་ལྡན།། འོ་མཞོན་ཀུན་བཀྲམ
3a2 པར། བྱས་ནས་བསམ་གཏན་ཡང་དག་བརྩམ།། དེ་ཡིད་དབུས་སུ་པད་མཆེ།། ཤེལ་དང་ཟླ་བ་མཉམ་པའི་འོད།། གསལ་བའི་དཀྱིལ་འཁོར་ཡང་དག་ལྡན།། དཀྱིལ་འཁོར་ཀུན་དུ་བསྒོམ་པར་བྱ།། འབར་བ་འདུས་པ
3a3 དེ་རྣམས་སུ། ། སངས་རྒྱས་གཟུགས་ནི་རྣམ་པར་བསྒོམ།། ཀུན་ནས་ཡོངས་སུ་ཟླུམ་པོ་ནི།། ཁྲུ་ནི་ཉི་ཤུ་བསམ་པར་བྱ།། ཆོ་ག་ཤེས་པ་དེ་དབུས་སུ།། རང་གཟུགས་དགེ་བ་བསྒོམ་པར་བྱ།། བདག་དང་བདག་གིར་རྣམ་རྟོག
3a4 པ། ། དོར་བའི་བསམ་གཏན་ཡང་དག་བརྩམ།། ཡེ་ཤེས་རིགས་ཀྱི་ཆོ་ག་ཡིས།། གསང་སྔགས་སེམས་ལ་རྗེས་དྲན་བྱ།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ག་ཏ་ཛྙཱ་ན་ཀུ་ལ་སྭ་བྷཱ་བ་ཨཱང་མ་ཀོ་ཧཾ།། འདིས་ཕྱག་རྒྱ་མཉམ་པར་འདུས་པས།
3a5 སྡིག་པ་ཐམས་ཅད་ཡོངས་སུ་དོར་བར་བྱའོ།། འོད་ཟེར་སྟོང་ཕྲག་བཅུ་བ་ནི།། དང་པོར་བསམས་ནས་དྲི་མེད་དབྱུང་།། ཡེ་ཤེས་རིགས་ཀྱི་ཆོ་ག་ཡིས།། རིག་པའི་རྒྱལ་པོ་རྣམ་པར་བསྒོམ།། འོད་དཀར་ཕྲ་མོ་འབར་བ་ནི།
3a6 ནི་ཀུན་ཏུ་རྣམ་པར་དགོད།། ཐམས་ཅད་དེ་ཉིད་དུ་བྱ་སྟེ།། བསྒོམ་པར་བྱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དབང་བསྐུར་བ་འདི་གསུངས་སོ།། རང་ལུས་ཤིན་ཏུ་བརྟན་བྱས་ནས།། འོད་ཀྱི་ཚུལ་གྱི
3a7 ཆོ་ག་རྣམས། ། སངས་རྒྱས་གཟུགས་ནི་འདུས་པས་ནི།། མཚོན་བ་རྡོར་སེམས་བསྐྱེད་པས་སོ།། ཆོ་ག་ཤེས་པས་རབ་བརྩམས་ནས།། དེ་ཡི་དངོས་གྲུབ་རྙེད་མི་དཀའ།། རང་གི་གཟུགས་ནི་མི་གཡོ་བར།། བྱས་ནས་རྡོར་སེམས
3a8 ཆོ་ག་རྣམས། ། ཇི་སྲིད་ནམ་མཁའ་འགེངས་གྱུར་པ།། ཆོ་ག་ཤེས་པས་སྤྲོ་བར་བྱ།། སངས་རྒྱས་གཟུགས་དང་རང་གཟུགས་ཤིང་།། བྱས་ནས་ཀུན་སྦྱོར་མཚན་ཉིད་ཀྱིས།། རྣལ་འབྱོར་བསམ་གཏན་དུས་སུ་ནི།། རྫོགས




iiif viewer powered by OpenSeadragon

2b - 3b

Texts on this page

Q87 - 'phags pa gnyis su med pa mnyam pa nyid rnam par rgyal ba zhes bya ba'i rtog pa'i rgyal po chen po