e-texts navigator
Collection
Volume
Page
Wylie

38a1 འདོད་མཆོད་གཟུགས་ནི་བསྐྱེད་པར་བྱ། ། ལག་ཏུ་མདུད་རྩེ་གསུམ་བསྒོམས་ནས།། དེ་ཡི་སྙིང་ལ་དཀྱིལ་འཁོར་དགོད།། ཆོས་ཀྱི་དབང་ཕྱུག་གཟུགས་བསྒོབས་ནས།། བྱིནས་བྱབ་ཡང་དག་བཅས།། རྨོད་པ་འབྱུང་བ་ཞེས་བྱ
38a2 བཅོམ་ལྡན་འདས་འདོད་པའི་མཆོད་པའི་ཏིང་ངེ་འཛིན་རྫོགས་སྷོ། ། །། ཡང་ན་བཅུལ་ཞུགས་ཅན་གྱིས་ནི།། བསྲུབས་སངས་རྒྱས་གཟུགས་བསྐོམ་བྱ།། གཙུག་ཏོར་སྔགས་དང་ཁྲོ་བ་དང་།། དེགེ་པའི་རྒྱལ་པོ་རིག་བཅས་པས།། ལས་དམས
38a3 ཐམས་ཅད་པ་ཡི་སྔགས། ། གོ་རིམ་བཞིན་དུ་དེ་བཟླས་བྱ།། དབུས་སུ་བདག་པོ་བསྒོམས་ནས་ནི།། ངོས་སུ་ལྷ་རྣམས་དགོད་པར་བྱ།། སྙིང་པོ་སྦྱོར་བ་དེ་རྣམས་སུ།། ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ།། སྔགས་ཀྱི་ཡི་གེ་མཆོད་བསྒོམས་ནས།། དེ་ཡིས
38a4 རྣམ་པ་དམ་བསྒོམས་པ། ། ཐམས་ཅད་ཀྱི་ནི་ལག་པར་ནི།། རྡོ་རྗེ་འཁོར་ལོ་པད་མ་བསྒོམ།། མདུང་དང་ཡིད་བཞིན་ནོར་བུ་ཡང་།། བསྒོམས་ནས་མྱུར་དུ་སྒྲུབ་པར་བྱེད།། སྔགས་པས་རང་སྔགས་བཟླས་བྱ་སྟེ།། ཟླ་བའི་དཀྱིལ་འཁོར་བསྒོམས་པ་ཡིན།
38a5 ངོས་སུ་ཟླ་བ་ཡང་དག་སྦྱོར།། དབུས་སུ་སེར་པོ་རྣམ་བསྒོམ་བྱ།། བསྡུས་ཏེ་གོང་བུའི་ཚུལ་གྱིས་ནི།། རང་གི་ལུས་ལ་དགོད་པར་བྱ།། སངས་རྒྱས་ཐམས་ཅད་རབ་བསྐུལ་བས།། འདི་ནི་རིངས་པར་བྱེད་པའི་མཆོག། དུས་རྣམས་ཀུན་དུ་རྣམ
38a6 བསྒོམས་ནས། ། ངེས་པར་བསྐལ་བར་དེ་གནས་འགྱུར།། ཆོ་ག་ཤེས་པས་མི་བསྐྱོད་སོགས།། ཉི་མའི་དཀྱིལ་འཁོར་ལ་དགོད་བྱ།། རིགས་ཀྱི་དབང་ཕྱུག་རྣམ་བསྒོམས་ནས།། ཟླ་བའི་དཀྱིལ་འཁོར་དགོད་པ་ནི།། ཐོག་མ་ཐ་མར་བསམ་གཏན
38a7 འདི། ། བཞི་ཡི་དབུས་སུ་བསམ་པར་བྱ།། དེ་ཡི་སངས་རྒྱས་ཉིད་སྒྲུབ་ན།། ཡུན་མི་རིང་བར་སངས་རྒྱས་འགྱུར། དེ་ཡི་རང་གི་སྔགས་ཀྱི་མཆོག། ཕྱག་རྒྱ་ཤེས་ནས་སྒྲུབ་པ་པོ།། ཆོ་ག་ཤེས་པས་བསྐྱེད་པར་བྱ།། མྱུར་དུ་འགྲུབ་བྱེད་གཞན་དུ་མིད།།
38a8 ཕྱག་རྒྱ་ཆེན་པོ་རབ་བསྒོམས་ནས།། དམ་མཁའི་ལམ་གྱི་དབུས་ལས་ནི།། དབུས་སུ་ཉི་མ་དང་མཚུངས་པའི།། དཀྱིལ་འཁོར་དགེ་བ་བསྒོམ་པར་བྱ།། སྔགས་པས་དཀྱིལ་འཁོར་ལས་ངོས་སུ།། ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ།། བདག་པོའི




iiif viewer powered by OpenSeadragon

37b - 38b

Texts on this page

Q87 - 'phags pa gnyis su med pa mnyam pa nyid rnam par rgyal ba zhes bya ba'i rtog pa'i rgyal po chen po