e-texts navigator
Collection
Volume
Page
Wylie

36a1 བྱཿ། ། དགོད་པ། ངེས་པར་ལྷ་རྣམས་སྨན་དྲངས་མེད།། དག་བདག་གང་ཉིད་ཚོལ་བྱེད་པ།། དེ་ཉིད་རྟག་ཏུ་འབངས་བྱའོ།། མཁས་པས་རབ་མཆོག་སངས་རྒྱས་ལ། སོགས་པའི་ཕྱག་ཆུབ་ཅིང་བྱས་ནས།། དེ་རྣམས་སྔགས་ནི་བཟླས་ནས
36a2 ནི། རྟག་ཏུ་ངེས་པར་སྦྱིན་པར་བྱ། སྔགས་པས་རྒྱལ་པོའི་བུ་མོ་གང་།། གལ་ཏེ་སངས་རྒྱས་བུ་མོའང་རུང་། བཟུང་ནས་ཉེ་བར་ལོངས་སྤྱོད་བྱ།། ཇི་སྲིད་ཡིད་ནི་ཚིམ་པར་འགྱུར།། དུག་དང་སྐྱེ་ཚེ་ཡང་དག་ལྡན།། ཡུངས་དཀར་ཏིལ་མར་བསྲེས་པ་དང་།
36a3 པ་རྡོ་པོར་ཡང་དག་ལྡན། དེ་དག་ཕྱེ་མ་བྱས་ནས་ནི། ཤང་དང་གཅི་བར་བ་བཅུག་ནས། བརྟུལ་ཞུགས་ཅན་གྱི་ཁྱད་པར་གྱིས།། ཟུར་གསུམ་མགྲིན་པའི་མེལ་བསྲེག། ངེས་པར་མཱར་དུ་འགྲུབ་པར་བྱེད།། ལྷ་སྦྱིན་ཞེས་ནི་བྱས་པ་ནི། གང་གིས་འི
36a4 ནི་རབ་གསལ་བྱེད། ། གལ་ཏེ་འདིར་ནི་སངས་རྒྱས་རུང་།། གང་དེ་ཐལ་བར་བྱེད་པར་འགྱུར།། མཁས་པས་མཚན་མོ་ཕྱེད་ལའང་།། ཉི་མ་གུང་ལ་སྦྱིན་སྲེག་བྱ།། བསྐལ་པ་གཅིག་གི་བར་གྱི་ཡང་།། སྦྱིན་བྱེད་གཞན་དུ་ནམ་ཡང་མིན།། གལ
36a5 ཏེ་སངས་རྒྱས་སམ་འགའ་ཞིག། རྨོངས་པའི་སེམས་ཀྱིས་འདས་ན་ནི།། མགོ་བོ་ཚོལ་བ་བདུན་དུ་འགས།། བྱང་ཆུབ་སེམས་ནི་རང་གིས་གསུངས།། རེངས་དང་འབེབས་པ་དང་པོར་གྲགས།། གཉིས་པས་ཞེས་བྱ་བར་བརྗོད། གསུམ་པ
36a6 ལྷ་ཡི་མཆོག་ཡིན་ནོ། ། བཞི་པ་འཕགས་པའི་ཡུལ་དུ་ཡང་། ཕྱག་ན་རྡོ་རྗེར་གྲགས་པ་ཡིན།། སྙིང་པོ་ཀུན་གྱི་སྦྱོར་བ་ཡིས།། བྱ་བ་མྱུར་དུ་འགྲུབ་པར་བྱེད།། རེག་པ་སྣ་ཚོགས་སོགས་དང་གནས།། སྐྱེད་མོས་ཚལ་དང་དགའ་སྟོན་ཆེ་དཀྱིལ
36a7 འཁོར་དེ་ལ་བྱ་བ་ནི། ། བདུག་པ་བྱིན་ནས་ཡང་དག་བརྩམ།། གལ་ཏེ་བརྒྱ་བྱིན་ནམཚངས་པ།། སངས་རྒྱས་སམ་ཡང་བློ་གྲོས་ཆེ།། ཆོག་ཤེས་པས་ཞག་བདུན་གྱིས།། འཇོམས་འགྱུར་འདིར་ནི་ཐེ་ཚོམ་མེད།། ཆོག་ཤེས་པས་ཁྲག་གིས
36a8 ཐུགས། ར་ཙ་ས་བྱ། ཁྲེལ་གཙུག་པར་གྱུར་ནས་ནི།། མསྡུག་མཆོག་གཅགས་ལགས་པར་བྱེད།། དྲ་ཁྲོད་ཀྱིམ་དུ་ཡང་དག་མྱེར། རགས་དེ་ས་མང་བྱེག། ཟག་ག་ཅི་ཀྱ་སནས་ནི། ས་པ




iiif viewer powered by OpenSeadragon

35b - 36b

Texts on this page

Q87 - 'phags pa gnyis su med pa mnyam pa nyid rnam par rgyal ba zhes bya ba'i rtog pa'i rgyal po chen po