e-texts navigator
Collection
Volume
Page
Wylie

29b1 དེ་ལྟར་བྱ། ཉི་སའི་གུང་ལའང་དེ་བཞིན་བརྗོད།། ལྕགས་ཀྱུའི་སྙིང་པོ་དེ་ཉིད་ཀྱིས།། དེ་རྣམས་རབ་ཏུ་བསྒྲུབ་པར་བྱ།། བཀལ་བ་སྲེག་པ་ལྟར་བསམས་ནས། རྡོ་རྗེ་མཚུངས་པས།། སྙིང་པོས་ལྕགས་ཀྱུ་ལྟར་བྱས་ནས།། བཀུག་ལ།།
29b2 དབང་དུ་བྱ་བ་ཡིན།། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད།། དེ་བཞིན་ཉིད་དུ་ཏ་མགྲིན་དང་།། རྡོ་རྗེའི་དབྱུག་དང་བཅོམ་ལྡན་འདས།། འཇིག་རྟེན་གསུམ་གྱི་བདག་པོར་བརྗོད།། ཁྲོ་བོ་ཆེན་པོ་མི་གཡོ་བ།། ཁྲོ་གཉེར་ཅན་ཡང་གང་ཞིག
29b3 འགྱུར། ། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ། ཁམས་གསུམ་པ་ཡང་དབང་དུ་བྱེད།། བདུ་རྩི་ཞེས་བྱའི་ཁྲོ་བོ་ཆེ།། སྟོབས་ཆེན་ཕ་རོལ་གནོན་པའོ།། རྡོ་རྗེ་མི་བྱེད་གསུམ་གནས་པ།། སངས་རྒྱས་ཀྱང་ནི་སྲིད་པར་བྱེད།། རིག་མཆེན་མོ་དྲི་སོགས་ནི།
29b4 བཅས་པའི་ཕྱག་རྡོར་སྟོབས་ཀྱིས་ནི།། རྡོ་རྗེ་སེབས་དཔའ་རང་ཉིད་ཀྱང་།། ཁམས་གསུམ་པ་ཡང་འབེབས་པར་བྱེད།། བོ་ཉ་ཆེན་པོ་རྡོར་སེན་མོ།། རབ་གཏུམ་ལ་སོགས་རྡོ་རྗེ་ཅན།། ནམ་མཁའི་ཁམས་ཀུན་གང་བ་ཡི།། དུག་ནི་སྐད
29b5 ཅིག་ལས་འཇོམས་བྱེད། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དམ་ཚིག་ཐམས་ཅད་རྣམ་པར་སྨོད་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། རྡོ་རྗེ་གཤིན་རྗེ་གཤེད་རྗེ་མཐར་བྱེད་ཅེས།
29b6 བྱ་བའི་རྡོ་རྗེའི་སྔགས་འདི་གསུངས་སོ།། ན་མོ་བཛྲ་ཛྙཱ་ནཱ་ཡ། ས་མ་ཡ་སཏྭཱ་ནཱཾ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། མཱ་མ་ཀཨཱ་རྱཾ་བྷཉྫ་བྷཉྫ། སརྦ་བིགྷྣཱཾ་ད་ཧ་ད་ཧ། སརྦ་བི་ནཱ་ཡ་ཀཱཾ། མཱརྡྷ་ཊ་ཀ་ཛཱི་བི་ནཱ་ཀ་ར།། མ་ཧཱ་བིཀྲི་ཏ། དྲཱ་བི་ཎེ། བ་ཛ་བ་ད།
29b7 སརྦ་དུཥྚཾ། མ་ཧཱ་ག་ཎ་བ་ཏི། ཛཱི་བི་ཏཱནྟ། ཥ་བནྡྷ་བནྡྷ། སརྦི་གྲ་ཧཾ་ཥཥ་མ?ཥ་ཥཋནྟུ་རྦི། ཥཝ་ཙ་ར་ཎཱ། རུ་ཏྲ་མཱ་ན་ཡ། བིཥྞུ་མ་ན་ཡ། བྲཧྨ་དྷྭཾ་སརྦ་བཱ་མཱ་ན་ཡ། མ་བཱི་ལམྦ་མ་བི་ལས?། ལ་ཧུ་ལ་ཧུ། མཎྜ་ལ་མ་དྷྱེ། བྲ་བེ་ཤ་ཡ། ས་མ་ཡ།
29b8 མ་ནུ་སྥ་ར། ཧཱུཾ་ཧཱུཾ་དྷུ་ནྟུ་ཧཱུཾ་ཧཱུ~ཾ་ཕཊ་སྭཱ་ཧཱ། དེ་ནས་འདི་ནི་གསུངས་པ་ཙམ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་དེ་ཉིད་སྣ་སོགས་པའི་གཟུགས་འཛིན་པར་འགྱུར་ནས།། ནམ་མཁའི་ཁམས་ཐམས་ཅད་ཀྱི་རྡུལ




iiif viewer powered by OpenSeadragon

29a - 30a

Texts on this page

Q87 - 'phags pa gnyis su med pa mnyam pa nyid rnam par rgyal ba zhes bya ba'i rtog pa'i rgyal po chen po