e-texts navigator
Collection
Volume
Page
Wylie

29a1 ནི་སངས་རྒྱས་གཟུགས། ། སངས་རྒྱས་གཟུགས་ནི་འཛིན་པར་འགྱུར།། ཟླ་བའི་གཟུགས་ནི་ཡང་དག་བསྐྱེད།། པད་མ་འབར་བས་རྣམ་བརྒྱན་པ།། རང་གི་གཟུགས་ནི་ཆོས་ཀྱི་གཟུགས།། ཆོས་ཀྱི་གཟུགས་ནི་འཛིན་པར།
29a2 འགྱུར། ཟླ་བའི་གཟུགས་ནི་ཡང་དག་བསྐྱེད།། དཀར་པོ་འབ་རབས་རྣམ་བརྒྱན་པ།། འདོད་པའི་མཆོད་པ་རང་གི་གཟུགས།། འདོད་མཆོད་གཟུགས་ནི་འདིན་པར་འགྱུར།། དང་པོར་ཡི་གེ་གཅིག་པ་སོགས།། རིག་པའི་རྒྱལ་པོ་སྟོབས་པོ་ཆེ།།
29a3 རིགས་ཀྱི་བདག་པོའི་ཕྱག་རྒྱ་ཡིས།། རང་གི་ཕྱག་རྒྱ་སོགས་བསྒོམས་པས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རུ།། མཆོག་ཏུ་ཕྲ་བའི་བདག་ཅན་བྱ།། དེ་ཉིད་དམ་ཚིག་དབུས་སུ་ནི།། རྡོ་རྗེའི་གཟུགས་ནི་བསྒོམ་པའོ།། ཉི་མའི་གཟུགས་ནི་རྣམ
29a4 བསྒོམས་ནས། ། མུ་དྲོ་ཧེ་ཞེས་བསྒོམ་པ་ནི།། སྙིང་ཁར་སྔགས་ཡིག་བྱས་ནས་ནི།། སྐྱེད་དེ་འདིར་ནི་ཐེ་ཚོམ་མེད།། སྔགས་པས་ཉི་མའི་དཀྱིལ་འཁོར་ཅན།། བསམས་ནས་དབུས་སུ་གཟུགས་བསྒོམ་བྱ།། རྡོ་རྗེའི་གཟུགས་ནི་ཡང་དག
29a5 བསྐྱེད། ། བསམ་གཏན་འབྱུང་བས་བསྐྱེད་པར་འགྱུར།། ཉི་གྲུབ་ཆོ་ག་བྱས་ནས་ནཾ།། དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ།། རྡོ་རྗེ་སེམས་དཔའི་ཚིག་ལས།། དེ་ཡིས་འཇིག་རྟེན་གསུམ་སྒྲུབ་འགྱུར།། དང་པོར་རང་གནས་རིགནས་སུ།།
29a6 ཟླ་བ་དྲུག་ཏུ་བཟླས་བྱས་ནས།། སྒྲུབ་པ་པོ་ཡིས་རྟག་ཏུ་བསྒྲུབ།། རྡོ་རྗེ་སེམས་དཔའ་ལྷག་པར་གནས།། ཇི་ལྟར་ཀླུ་མོ་ལྷའི་བུ་མོ།། མི་མོའམ་ཡང་ན་ལྷ་མིན་མོ།། ཇི་ལྟར་རིགས་པར་བཀུག་ནས་ནི།། གསང་བའི་མཆོད་པ་ཡང
29a7 དག་བརྩམ། ། རྣམ་པར་དབེན་དང་ཡིད་འོང་དང་།། ནགས་དང་དགོན་པ་རྣམས་སུ་ཡང་།། དེ་རུ་བཀུག་ནས་ཉེར་ལོངས་སྤྱོད།། འདོད་ཡོན་ལྔ་ཡི་མཆོག་རྣམས་ཀྱི།། ཡེ་ཤེས་རྡོ་རྗེ་རབ་བསྐུལ་བས།། དམ་ཚིག་མཉན་པར་བྱ་བ་ཡིན།
29a8 རྡོ་རྗེ་སེམས་དཔའ་རང་ཉིད་ཀྱང་།། ཆོ་ག་ཤེས་པས་དགུག་པར་བྱ།། རང་གི་ཕྱག་རྒྱ་དེ་རྣམས་གཟུགས།། རང་གི་བརྗོད་པ་དེ་རྣམས་སྔགས། དེ་ཉིད་ཕྱག་རྒྱ་བཅིངས་ནས་ནི།། རང་གི་སྔགས་འདི་བཟླས་པར་བྱ། མཚན་མོ་བྱེད་དུ




iiif viewer powered by OpenSeadragon

28b - 29b

Texts on this page

Q87 - 'phags pa gnyis su med pa mnyam pa nyid rnam par rgyal ba zhes bya ba'i rtog pa'i rgyal po chen po