| | e-texts navigator
|
299b1 བའི་རྒྱུད་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འབར་བའི་ཁྲོ་བོ་ལ་དབང་བསྐུར་བའི་ལེའུ་སྟེ་དྲུག་པའོ། ། །། དེ་ནས་དཔལ་རྡོ་རྗེ་གཏུམ་པོ་ལག་ན་རྡོ་རྗེས་སྡིགས་འཛུབ་ནི་བསྒྲེང། རྡོ་རྗེ་ནི་སྤར་ནས་འབར་བའི
299b2 ཁྲོ་བོའི་ལྟེ་བས་ཀུན་དུ་ལྟས་ཏེ། སྤྱན་ནི་བཟློག་ཞལ་ནི་དགྲད་ནས་ཞལ་ནས་རྔམ་པའི་སྒྲ་སྐད་ནི། ཧ་ཧ། ཧཱུ~ཾ་ཧཱུཾ། ཨ་ལ་ལ། ཨཾ་ཨཾ། དྷི་དྷི། ཧོ་ཧོ། ཞེ་འབྱིན་བརླབས་ལས་ཕྲག་པ་གཉིས་རབ་ཏུ་འབར་ཏེ། རྡོ་རྗེ་ཁྲོ་བོའི་དཀར་བ
299b3 རྣམ་པར་དཀར་བ་དག་མཐའ་ཡས་པ་མཐོན་ཏོ། ། དཔྲལ་བ་རྣམ་པར་འབར་བ་ལས་ཁྲོ་བོ་མཐིང་ག་སྣ་ཚོགས་པ་མཐོན་ཏོ།། མགྲིན་པ་རབ་ཏུ་འབར་བ་ལས་ཁྲ་བ་དམར་པོ་རྣམ་པར་དམར་བ་དག་མཐོན་ཏོ།། ཐུགས་ཀ་རབ་ཏུ་འབར་བ
299b4 ལས་རྡོ་རྗེ་ཁྲོ་བོ་ནག་པོ་རབ་ཏུ་འབར་བ་སྣ་ཚོགས་པ་མཐོན་ཏོ། ། སྐུ་ལྟེ་བ་རབ་ཏུ་འབར་བ་ལས་རྡོ་རྗེ་ཁྲོ་བོ་ལྗང་ཁུ་རབ་ཏུ་འབར་བ་དག་མཐོན་ཏོ།། འབར་བའི་ཁྲོ་བོ་དེ་དག་ཀྱང་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ། མེ་ལྕེ་ལྟ་བུ
299b5 སྟེ། ཤིན་ཏུ་རྔམ་པ། ཤིན་ཏུ་འཇིགས་པ། དགོད་པའི་མདོག་ཏུ་སྣང་བ། ལོག་སྲེད་ཅན་དག་ལ་གཤེ་བའི་མདོག་ཏུ་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ་པ། ཐུགས་ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག
299b6 དང་། ཕྲིན་ལས་བཞི་ཡིས་སྐུའི་དངོས་པོ་ཤིན་ཏུ་བསྒྱུར་ཏེ། འགྲོ་བའི་དོན་མཛ་།། ཞལ་ནས་རྔམ་པའི་སྒྲ་སྒྲོགས་པ་དེ་དག་ཀུན་ཀྱང་ཁྲོ་བོའི་སྟང་སྟབས་དང་། མཆོངས་པ་དང་། འགྱིང་བ་དང་། རྩེ་བ་དང་། སྤྱན་དགྲང་བ་དང་། མཆེ་བ་བརྗིད
299b7 པ་དང་། ཁྲོ་གཉེར་མི་བཟད་པ་གཙིགས་པ་ཤིན་ཏུ་མི་བཟད་པའི་ཁྲོ་བོར་སྤྲུལ་ཏེ། རྩི་མཆོག་གི་རྒྱལ་པོ་མ་གི་ཏིའི་དྲིར་ལྡན་པས་གདུག་པ་ཅན་ཀུན་གྱི་སྙིང་རབ་ཏུ་རུལ་པར་བྱེད་པ་དེ་ལྟ་བུའི་འབར་བའི་ཁྲོ་བོ་དེ་དག་སྤྲུལ་རབ་ཏུ
299b8 སྤྲུལ་པར་གྱུར་ཏོ། ། དེ་ནས་རྔམ་པའི་གསུང་གིས་དྲག་པོའི་སྔགས་བཀའ་སྩལ་པ། ཨོཾ་བཛྲ་ཙཎ་ཌྷ། ཨོཾ་པི་བུ་ལེ། ཨོཾ་བཛྲ་ཙཎ་ཌྷ་པྲ་བ་ར་ནཱ་ག། ཨོཾ་བཛྲ་ཙཎ་ཌྷ་མ་ཧཱ་ནཱ་ག་ཧྲིད་ཡ། ཨ་བར་ཏེ་ཛྭ་ལ་ཛྭ་ལ། སརྦ་ནཱ་ག་ཧྲྀ་ད་ཡ་ནི།
iiif viewer powered by OpenSeadragon
299a - 300a