e-texts navigator
Collection
Volume
Page
Wylie

298a1 དེ་ནས་ཐུགས་རྗེ་ཁྲོས་པའི་ཧཱུཾ་མཐིང་ནག་འོད་འབར་བ་ལས་དེ་བཞིན་གཤེགས་པ་ཀུན་གསུང་གཅིག་གིས་ཨ་བྷི་རོཥཱ་ཎ་ཧཱུཾ་ཞེས་གསུང་བ་ལས་ཁྲོ་གཉེར་བསྡུས་ཤིང་ཞལ་བགྲང་བས་དུག་གསུམ་རྩ་ནས་གཅོད
298a2 པའི་མཆེ་བཟུར་གསུམ་གརྩིགས་པ། དེ་ལྟར་འབར་བའི་ཆ་བྱད་དུ་སྣང་བཞིག་བྱུང་སྟེ། འཇིག་རྟེན་གྱི་ཁམས་ཆེན་པོ་གསུམ་གཡོས།། རབ་ཏུ་གཡོས།། ཀུན་དུ་གཡོས། ཀུན་ཏུ་རབ་ཏུ་གཡོས་པར་གྱུར་ཏོ།། དཔལ་རྡོ་རྗེ་གཏུམ
298a3 པོ་ཐམས་ཅད་གསང་བའི་རྒྱུད་ལས་འབར་བའི་ཁྲོ་བ་ཁྲོས་པའི་ཚུལ་བསྐྱེད་པའི་ལེའུ་སྟེ་ལྔ་པའོ། ། །། དེའི་ཚེ་དེའི་དུས་ན། དུས་གསུམ་གྱི་ཐེག་པའི་བདག་པོ་ཐམས་ཅད་འདུས་སྟེ། ཡེ་ཤེས་ཀྱི་མཁའ་གསང་བའི་བུམ
298a4 བས་འབར་བའི་ཁྲོ་བོ་དེའི་ལུས་ཀུན་བཀྲུས་ཏེ་ཡེ་ཤེས་ཀྱི་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར་རོ། ། དག་པར་འཁྲུ་བར་བྱེད་པའི་ཉེ་ཤིང་བ་དང་། སྒྲིབ་པ་སྐྱོང་ཞིང་ཀུན་དུ་སྐྱོབ་པར་བྱེད་པའི་ཕུར་མོའི་ཐལ་བ་དང་། ཆོས་ཉིད་ཀྱི་རྩེ་དང་། ཡེ་ཤེས
298a5 ཀྱི་བཅུད་མར་ལ་སོགས་པས་འགྲོ་བ་རྣམས་ཀྱི་ཚུལ་དང་ལྡན་པའི་ཕྱིར་དབང་བསྐུར་རོ། ། ཡེ་ཤེས་ཀྱི་ཁྲོ་བོ་དེ་ལུས་སིམ་ཞིང་རྒྱས་ཏེ་བདེ་བ་སྐྱེས་པར་གྱུར་ཏོ།། དེ་ནས་རིག་ཐམས་ཅད་ཀྱི་བདག་གོ། སངས་རྒྱས་ལྔ་ཡུམ་དང་བཅས
298a6 པས་བདེ་བ་ལ་སྙོམས་པར་ཞུགས་ཏེ། གཉིསུ་མེད་པའི་མཁའ་ལས་ཡེ་ཤེས་ཀྱི་ཡིག་འབྲུ་ཀྵཾ་མཐིང་ཀ་དང་། ཀྵིཾ་དཀར་མོ་དང་། ཀྵིཾ་སེར་པོ་དང་། ཀྵིཾ་དམར་པོ་དང་། ཀྵི་ལྔ་ང་ཀུ་དང་། ཀྵིཾ་སྣ་ཚོགས་ཀྱི་མདོག་ཏུ་སྣང་བ་དག།
298a7 མཐོན་ཏེ། གསུང་གཅིག་གིས་བསྐྱེད་བསྐུལ་གྱི་སྔགས་བཀའ་སྩལ་པ། ཨོཾ་ཉམས་སླ་ལན~ཾ་གྷ་རུ་ཎཱ་ཙ་ལི་ཙ་ལ་ཧཱུཾ་ཕཊ་ཅེས་གསུངས་པ་ལས་ཡེ་ཤེས་ལས་སྤྲུལ་པ་ཁྱུང་མཐང་ཀ་དང་།། དཀར་པོ་དང་། སེར་པོ་དང་། དམར་པོ་དང་།
298a8 ལྗང་ཀུ་དང་། སོ་སོ་ནས་སྣ་ཚོགས་པ་འདུས་པའི་ཁྱུང་ལུས་དཀར་བ། གཤོག་པ་སྔོག་རྭ་ཡེ་ཤེས་སྤུ་གྲི་འབར་བ། གདུག་པ་ཅན་འདྲེན་ཅིང་ཟ་བ། འབར་བའི་ཁྲོ་བོའི་ཐུགས་རྗེ་ལ་གནས་པར་གྱུར་ཏོ།། ལུས་ཁ་དོག་ལྔ་ལ།




iiif viewer powered by OpenSeadragon

297b - 298b

Texts on this page

Q93 - dpal rdo rje gtum po thugs gsang ba'i rgyud dpal gtum po