| | e-texts navigator
|
297a1 ལོངས་སྤྱོད་རྫོགས་པའི་སྐུ་ལྔས་ཀྱི་གསང་བའི་བདག་པོ་དག་དྲེགས་པ་ཕོ་མོ་དག་ཐུལ་བར་མ་གྱུར་ཏེ། ཐམས་ཅད་ཀྱི་ཐབས་ཀྱིས་དྲེགས་པ་ཉོན་མོངས་པ་འདུལ་བར་བྱའོ།། ཞེས་བཀའ་སྩལ་ཏོ།། དུས་གསུམ
297a2 གྱི་སངས་རྒྱས་ཐམས་ཅད་ཀྱང་གསང་བའི་བདག་པོ་ལ་འདི་སྐད་ཅེས་གསུང་སོ། ། འཇིག་རྟེན་གྱི་དྲེགས་པ་འདི་དག་འདོད་ཆགས་ལ་གནས་པས་སེམས་ཅན་ལ་རྣམ་པར་མཚེའི།། ཀུན་གྱི་ལུས་དང་སྲེག་མ་རུངས་པར་བྱེད་པ
297a3 ཁྱོད་ཀྱིས་ཐམས་ཅད་ཁྲོས་པའི་ཚུལ་གྱིས་ཐུལ་ཤིག་ཅེས་བསྒྲེའོ། ། ཕྱོགས་བཅུའི་ཞིང་ཁམས་རྣམ་པར་དག་པ་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རིགས་སོ་སོར་ཀུན་ནས་འདུས་པ་རྣམས
297a4 ཀྱང་གསུང་གཅིག་གིས་དངོས་འདི་སྐད་ཅེས་གསུང་སོ། ། གསང་བའི་བདག་པོ་ཁྱོད་ཤིན་དུ་ཁྲོས་པའི་ཚུལ་སྟོན་ལ་མ་མཆིས་པའི་སྟོབས་ཀྱིས་དྲེགས་པ་ཅན་ཐུལ་ཤིག་ཅེས་བཀའ་བསྒྲེའོ།། གཞན་ཡང་རིག་སྔགས་དང་། གསང་སྔགས
297a5 དང་། གཟུངས་སྔགས་ཀྱི་བདག་པོ་ཐམས་ཅད་འདུས་ཏེ། རིགས་ཀྱི་བདག་པོ་དང་། རིགས་ཀྱི་ཡུམ་དང་། རིགས་ཀྱི་ཁྲོ་བ་དང་། རིགས་ཀྱི་སྤྲུལ་པ་དང་། རིགས་ཀྱི་ཕོ་ཉ་མོ་ལ་སོགས་པ་ཐམས་ཅད་འདུས་ན་ས་མགྲིན་གཅིག
297a6 ཏུ་བཀའ་སྩལ་པ། གསང་བའི་བདག་པོ་འདུལ་བྱའི་ཞིང་འདི་དག་ཞི་བའི་ཆ་བྱད་ཀྱིས་མི་འདུལ་བས་ཞེ་སྡང་དང་། གདུག་སེམས་སུ་བཅས་པ་ཉོན་མོ་དྲ་བ་རང་དགའ་མར་སྤྱོད་པ། འདོད་པའི་སྐེམ་གྱིས་གདུངས་པ་འདི་དག
297a7 ཁྱོད་ཀྱི་མཐུའི་སྟོབས་ཀྱིས་ཤིན་ཏུ་ཁྲོས་པའི་ཆ་བྱད་སྟོན་ལ་མ་འཆི་བར་མྱུར་བར་རབ་ཏུ་ཐུལ་ཤིག་ཅེས་བཀའ་བསྒོའོ། ། དེ་ནས་སྐུ་མི་སྣང་བ་ཡེ་ཤེས་ཆེན་པོའི་དད་ལ་བཞུགས།། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང
297a8 བའི་རྒྱུད་ལས་ཁྲོ་བོར་བཀའ་བསྒོ་བའི་ལེའུ་སྟེ་གསུམ་པའོ། ། །། དེ་ནས་རིགས་ལྔ་ཡབ་ཡུམ་གཉི་སུ་མེད་པའི་མཁའ་ལས་ཐུགས་རྗེ་ཁྲོས་པའི་ས་བོན་ཏུ་མཐིང་ནགཧ་ལ་ནག་པོའི་མདོག་ལྟ་བུའི་འོད་ཟེས
iiif viewer powered by OpenSeadragon
296b - 297b