e-texts navigator
Collection
Volume
Page
Wylie

293b1 པོའི་སྦྱོར་བ་དང་། བཅས་པས་མང་དུ་བརྗོད་བྱས་ནས།། སྒྲུབ་པས་ཅི་ཡང་འགྲུབ་པར་འགྱུར།། ཟླབ་སྤྱང་གིས་གཟུང་དུས་སུ་དཔྲལ་བ་གོ་རོ་ཙ་ནས་ཐིག་ལེ་བྱས་ཏེ་ཁ་ཤར་ཕྱོག་སུ་གྱུར་ནས་གསང་སྔགས་འདི་བརྗོད་ན
293b2 ཅི་འདོད་པ་དབང་དུ་བྱེད་དོ། ། ཡང་ཟླ་བའམ་ཉི་མ་གཟས་བཟུང་བའི་ཚེ།། ། ཀླུའི་གན་ནས་མི་ཁྲིག་གིས་ལུས་བྱུགས་ཏེ་སྔགས་འདི་བརྗོད་ན་ཀླུ་ཐམས་ཅད་དབང་དུ་འགྱུརརོ།། འདི་ལ་ཐེ་ཚོམ་མེད་དོ།། གཞན་ཡང་སྦྱོར་བ
293b3 བཤད་པར་བྱ། གུར་གུམ་དང་ནི་འགི་ཝང་གིས།། རྩིབས་བརྒྱད་པ་ཡི་འཁོར་ལོ་ལ།། དབང་པོའི་སྔགས་བཞི་དག་དང་ནི།། ཐ་མའི་སྔགས་རྣམས་བྲི་བར་བྱ།། མུ་ཁྱུད་གཉིས་ལ་རྩ་བ་ཡི།། གསང་སྔགས་རྒྱལ་པོ་རིམ་གྱིས་བྲིས།།
293b4 རིན་ཆེན་སྣོད་གཞག་མཆོད་བྱས་ནས།། གསང་སྔགས་སྟོང་སོགས་བརྗོད་ནས་ནི།། རྒྱལ་མཚན་རྩེ་ལ་གདགས་པར་བྱ།། གཞན་གྱིས་རིག་སྔགས་གཅོད་པར་བྱེད།། གལ་ཏེ་ཆར་པ་དབབ་པར་འདོད་ན་སའི་དཀྱིལ་འཁོ
293b5 གྲུ་བཞི་པར་བྱས་ཏེ། ། དབུས་སུ་པད་མ་འདབ་མ་བརྒྱད་པ་བྲིས་ལ་དེའི་སྟེང་དུ་ཀླུའི་རྒྱལ་པོ་བརྒྱད་ཀྱི་གཟུགས་བྱས་ཏེ་གཞན་ལ་རང་ཉིད་ཁྲོ་བོའི་རྒྱལ་པོ་གོས་སྔོན་པོ་ཅན་དུ་བྱས་ཏེ།། སྨན་སྣ་ཚོགས་དང་།། འོ་མ་དང་འབྲས
293b6 ཆེན་དང་། ། ཞོ་ལ་སོགས་པ་རྣམས་དང་།། ཀར་དང་བུ་རམ་ལ་སོགས་པས་མཆོད་ནས་གོས་དཀར་པོ་དགོས་ཏེ་ཧཱུཾ་འབྲུག་གི་སྒྲ་ལྟ་བུ་བརྗོད་པས་མགོ་འདྲེན་པའི་གསང་སྔགས་ཀྱི་རྒྱལ་པོ་བརྗོད་པས་ཆར་འབེབས་པར
293b7 བྱེད་དོ། ། གལ་ཏེ་མི་འབེབས་ན་ཀླུ་རྣམས་སྡིགས་པའི་ཕྱིར།། དཀྱིལ་འཁོར་དེའི་སྟེང་དུ་ཁྲག་སྣ་ཚོགས་དང་། དུག་ཤིང་ལ་སོགས་པས་སྦྱིན་བསྲེག་བྱའོ།། དེས་མྱུར་དུ་ཆར་འབེབས་པར་བྱེད་དོ།། གལ་ཏེ་ཆར་ཆེས
293b8 པའམ་སེར་བ་བཅོད་པར་འདོད་པས་ཉེ་ཤིང་དང་དུག་གང་བའི་རྩ་བ་ལ་ཡི་གེ་བྲིས་ཏེ། ། དཀྱིལ་འཁོར་དཀར་པོའི་དབུས་སུ་བཙུགས་ལ་ཡུངས་དཀར་ཐལ་བ་ལ་མང་དུ་བཟླས་པར་བྱའོ།། གལ་ཏེ་མི་འདོད




iiif viewer powered by OpenSeadragon

293a - 294a

Texts on this page

Q92 - la na rdo rje gos sngon po can rdo rje gdengs pa'i rgyud khams gsum las rnam par rgyal ba zhes bya ba