| | e-texts navigator
|
293a1 མེ་ཏོག་ཡེ་ཤེས་མེ་ཕུང་ལ།། གསང་བའི་བདག་ཉིད་ལེགས་པར་བཞུགས།། རྣམ་གྲོལ་རྣམ་དག་གྲོལ་བའི་རྒྱུ།། སྔགས་དབྱིབས་ཆོས་བདག་དོན་རྣལ་འབྱོར།། སྐད་ཅིག་སྐད་ཅིག་ཡེ་ཤེས་ལས།། སྒྱུ་མ་ལྟ
293a2 བའི་སྒྱུ་མའི་སྐུ། ། སྦྲུམ་ཉིད་ལན་མ་གྲོལ་ཆེ།། ཀྱེ་ཀྱེ་ཧ་ཧ་དཔའ་བོ་ཆེ།། ཀླུ་ཡི་དགྲར་གྱུར་འཇིགས་བྱེད་པོས།། གསང་བའི་བདག་པོ་རྡོ་རྗེ་ཅན། ཉོན་མོངས་ལས་རྒྱལ་འཇིགས་སུ་རུང་།། དབང་ཕྱུག་ཁམས་གསུམ་ལིས་རྒྱལ
293a3 བའི། ། དེ་བས་བརྩོན་ལྡན་གང་ཡིན་དེས།། ཤིན་ཏུ་བསྒྲུབ་པས་བསྒྲུབ་པར་བྱ།། བརྟན་པའི་ཡིད་སོས་པར་བྱེད་པས།། རྒྱལ་བ་གསང་བའི་བདག་པོའོ།། དེ་ནས་གསང་བའི་བདག་པོ་ཉིད།། དངོས་གྲུབ་ངེས་པར་འབྱུང་བ
293a4 རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུང་དང་ཐུགས་རྣམ་པར་དག་པའི་རྡོ་རྗེ་ལས་བྱུང་བ། ཨོཾ་བཛྲ་པཱ་ཎི་སརྦ་ཨ་སིད་དྷི་ཀུ་རུ་ཀུ་རུ་སྭཱ་ཧཱ།། ལྷ་ཀླུ་མི་མིན་དྲི་ཟ་འམ།། ཡང་ན་མི་ཡི་བུ་མོ་ཡི།།
293a5 དཔྲལ་བར་ཐིག་ལེ་བྲིས་ནས་ནི།། ལག་ཏུ་ལྕགས་ཀྱུ་ཐོགས་ལ་གཞག། དཀྱིལ་འཁོར་གྲུ་བཞི་ལྷམ་པ་ལ།། བརྟན་ནས་བུམ་པས་བསྒྲུབ་པར་བྱ།། རྣམ་པར་རྒྱལ་བའི་བུམ་པ་ནི།། སྨན་ལ་སོགས་པས་ལེགས་བཀང་ནས།།
293a6 རས་ཀྱིས་དཀྲིས་ལ་གཞག་པར་བྱ།། རྒྱུན་ཏུ་དེ་ལས་བསྒྲུབ་གྱུར་ན། ཞི་དང་རྒྱས་སོགས་དངོས་གྲུབ་དང་། གཞན་ཡང་དངོས་གྲུབ་འགྲུབ་པར་འགྱུར།། དེ་ནས་ཡང་གསང་བའི་བདག་པོ་མི་འགྱུར་བར་བྱེད་པ་རྡོ་རྗེ་ཞེས་བྱ
293a7 བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དུག་ཐམས་ཅད་ཞི་བར་བྱེད་པའི་སྔགས་འདི་ཉིད་ཀྱིས་སྐྲ་དང་གསུང་དང་ཐུགས་རྡོ་རྗེ་ཡང་དག་པ་ལས་ངེས་པར་ཕྱུང་ངོ་། ། ཨོཾ་ན་གུན་གེ་པྲེ་ཏ་ག་མ་ནི།། ཙར་པོ་མ་ཡ
293a8 རབ་རཱ་ཧྱེ་ད་ཧ་རེ་ནཾ་བྲྀ། ། རིན་ཆེན་སྣོད་དུ་ཆུ་བླུགས་ནས།། སྔགས་ཀྱི་རྒྱལ་པོ་འདི་ལ་ནི།། བརྒྱ་ནས་ཇི་སྲིད་སྟོང་གི་བར།། བརྗོད་ན་འགྲོ་བའི་དུ་གནད་སེལ།། གཞན་ཡང་གསང་སྔགས་རྒྱལ་པོ་ནི།། གསང་བའི་བདག
iiif viewer powered by OpenSeadragon
292b - 293b