| | e-texts navigator
|
292b1 གཟིགས་ནས་རང་ཉིད་མཁའ་དབྱིངས་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་སྲིད་པ་གསུམ་ཡང་རྣམ་པར་གཡོས་སོ།། དེ་ནས་རང་ཉིད་སྐུ་དང་།
292b2 གསུང་དང་ཐགས་རྣམ་པར་དག་པའི་རྡོ་རྗེ་ལས་སྔགས་འདི་ཕྱུང་ངོ་།། ཨོཾ་ན་མོ་གསང་སྔགས་རྒྱལ་པོ་སྨྲས་ཙམ་གྱིས།། ས་སྟེངས་རྣམས་བརྒྱལ་བར་འགྱུར།། ཀླུ་རྣམས་ཀུན་ནི་སྐྲ་ག་ནས་ནི།། གསང་བདག་ཉིད་ལ
292b3 ཕྱག་འཚལོ། ། སྙིང་རྗེ་ལྡན་ཞིང་མོས་པ་བརྟེན།། གུས་ཤིང་བྱང་ཆུབ་སེམས་ལྡན་པའི།། ཕྱོག་སུ་འགྲོ་བས་ཡིད་གནས་པའི།། ལྷ་དང་བླ་མ་མཉམ་མཆོད་ཅིང་།། བརྩོན་འགྲུས་ཤེས་རབ་ཆེ་བ་དེས།། རང་ཉིད་དང་ནི་གཞན་དག
292b4 བདེ་ཞིང་ཉམས་དགའི་རི་ཕུག་གམ། ། ཚལ་ལམ་མཚོའམ་ལྗོངས་རྣམསུ།། ས་ཡི་དཀྱིལ་འཁོར་རྣམ་དག་པར།། བྱས་ནས་དྲི་ཆུས་ལེགས་བྱུགས་ནས།། བདེ་བའི་སྟན་ལ་འདུག་བྱས་ཏེ།། གསང་བའི་བདག་པོ་བསྒྲུབ
292b5 པར་བྱ། ། གཞན་དུ་རི་ཁྲོད་རྩུབ་པ་འམ།། དུར་ཁྲོད་ཡ་མའི་ཁང་པ་ཡང་།། འཁྲུག་ཅིང་གཡེང་དང་བཅས་པ་དང་།། རྒྱལ་པོས་བཟུང་ཞིང་གཏུམ་མོ་རྒྱུ།། འཇིགས་པའི་ཕྱོགས་ནས་གང་དག་རྣམས།། རྒྱལ་བ་བསྒྲུབ་པའི་གནས་ཡིན
292b6 ནོ། ། དུས་འདིར་བྱུང་བའི་བློ་ཞན་རྣམས།། འཇིག་རྟེན་འདི་ཡི་གཡེང་བ་དང་།། ཚོགས་པ་ཐམས་ཅད་སྐྱེད་པར་བྱེད།། ཆགས་པའི་སྟོབས་ཀྱི་ཆོས་ཉིད་ནི།། ཡང་དག་མི་ཏོག་དེ་ནི་སྐྱོན།། སྤྲུལ་པའི་གླང་པོ་དང་མཚུངསོ།། སྟོང་ཉིད་སྤྲོས
292b7 མེ་རང་བཞིན་ལས། ། སྒྱུ་མའི་སྐུ་ནི་ཡོད་འབྱུང་ཞིང་།། དང་པོ་སྟོང་ཉིད་རྡོ་རྗེ་སྟེ།། གཉིས་པ་ལ་ནི་ཡི་གེ་ཧཱུཾ།། གསུམ་པ་རྡོ་རྗེ་རྩེ་དགུ་པ།། བཞི་པ་བཅོམ་ལྡན་གསང་བའི་བདག། ལྔ་པ་ལྷ་ནི་ཡོང་སུ་རྫོགས།། མེ་ལོང་དང་ནི་མཉམ
292b8 ཉིད་དང་། ། ཆོས་དབྱིངས་ཡེ་ཤེས་ལས་གྲུབ་པའི།། སྐུ་ནི་ཡེ་ཤེས་བདག་ཉིད་དོ།། དེ་རྫོགས་ཡེ་ཤེས་ཆེན་པོའོ།། ཡེ་ཤེས་སྐུ་ལས་ཡེ་ཤེས་ཀྱིས།། སྤྲུལ་པའང་ཡེ་ཤེས་ཉིད་དུ་གནས།། འཁོར་བའི་ཉོན་མོངས་ལས་འདས་ནས།།
iiif viewer powered by OpenSeadragon
292a - 293a