e-texts navigator
Collection
Volume
Page
Wylie

28b1 རིགས་གཞན་དབྱེབས་རྟོགས་པར་བྱ། འདི་ནི་དམ་ཚིག་བསྒྲུབ་ཐབས་ཏེ།། སྒྲུབ་པ་པ་ཡིས་བསྒྲུབ་པར་བྱ།། སྒྲ་བ་འདིར་ནི་གྲུབ་པར་འགྱུར།། རང་སྔགས་རིལ་བུའི་ཚུལ་གྱིས་ན།། རང་ཉིད་བདག་པ་རང་ཉིད་དུ།། ཐུག་ཙམ་དུ་ཡང་དག་བསྐྱེད།
28b2 ས་ཀྱད་མཐང་ས་། གཤེས་པས་ག་ནམས་ཅི་། ང་བྱུང་བས་གས་པ་།། ག་གས་ཅི་ས་ནམ་པགས་པ་དས། བྱུང་དུ་བྱུ་གཞན་།། མ
28b3 ནི་བདག་ཉིད་ཡང་དག་བསྐྱེད། ང་སྔགས་སད་པལ་བྱས་ནས། གས་ག་པ་འདི་པ་གྱུ། བ་ངམས་རྣམ་པནོམས་ད།། རྣམ་པ་ལ་ཉིད་དྲི་ཡང་དག་ཅ།། བ་རྣཾ་ཡང་ག་ན། ཤས་ག་འཛིན
28b4 འགྱུར། ཟླ་བའི་གཟུགས་ནི་ཡང་དག་བསྐྱེད།། རྡོ་རྗེ་རིན་ཆེན་ནམ་བསྒོམ་བྱ།། ཇི་སྲིད་དག་པའི་བདག་ཉིད་འདོད།། དེ་སྲིད་མཁའ་ལ་འགྲོ་བར་འགྱུར།། ཟླ་བའི་གཟུགས་སུ་ཡང་དག་བསྐྱེད།། རྡོ་རྗེ་པད་མ་ལག་པར་དགོད།། པད་མའི་སྤྱན་ནི
28b5 བསྒོམ་པར་བྱ། ། ས་བདུན་གྱི་ནི་དབང་ཕྱུག་འགྱུར།། ཟླ་བའི་གཟུགས་ནི་རྣམ་བསྒོམས་ནས།། འབར་བའི་ཕྲེང་བས་འཁྲུགས་པའི་འོད།། སངས་རྒྱས་གཟུགས་ནི་ཀུན་བསྐྱེད་ནས།། སངས་རྒྱས་རིག་པ་འཛིན་པར་འགྱུར།། རྡོ་རྗེའི་གཟུགས
28b6 སྲ་ནམ་བསྒོམས་ནས། ། སངས་རྒྱས་ལྔ་རུ་ནམ་བསྒོམ་བྱ།། འོད་ཟེར་ལྔ་ཡིས་ཀུན་བཀང་ནས།། སངས་རྒྱས་སྐུ་དང་མཚུངས་པར་འགྱུར།། བིསྟཱ་ར་ཤཿཉི་མའི་གཟུགས་སུ་རྣམ་བསྒོམས་ནས།། ལས་ཀྱི་རྡོ་རྗེ་སྙིང་ཁར་དགོན། 8
28b7 གི་སྔགས་ནི་ཡང་དག་བསྐྱེད། ། རྡོ་རྗེའི་སྐུ་དང་མཉམ་པར་འགྱུར།། ཟླ་བའི་གཟུགས་ནི་ནམ་བསྒོམས་ནས།། བཛྲེ་ཧ~ཾ་ཞེས་བསྒོམ་པར་བྱ།། སྙིང་ཁར་རྩེ་མོ་ལྔ་པ་འམ།། རྡོ་རྗེའི་མུ་དང་མཉམ་པར་འགྱུར།། ཟླ་བའི་གཟུགས་སུ་ར
28b8 བསྒོམས་ནས། ། རྡོ་རྗེ་འབར་བས་རྣམ་བརྒྱན་པ།། རྡོ་རྗེ་སེམས་དཔའ་རང་གི་གཟུགས།། སེམས་དཔའི་གཟུགས་ནི་འདིན་པར་འགྱུར།། ཟླ་བའི་གཟུགས་སུ་ཡང་དག་བསྐྱེད།། འཁོར་ལོ་འབར་བས་རྣམ་བརྒྱན་པ།། རང་གི་གཟུགས




iiif viewer powered by OpenSeadragon

28a - 29a

Texts on this page

Q87 - 'phags pa gnyis su med pa mnyam pa nyid rnam par rgyal ba zhes bya ba'i rtog pa'i rgyal po chen po