| | e-texts navigator
|
28a1 གཤེགས་པ་ཐམས་ཅད་འབྱུང་བ་ཛི་རྗེ་ཞེས་བྱ་བ་དཀྱིལ་འཁོར་ཅན་པ་རྫོགས་སྷོ། ། ། ད་ནས་བཅོམ་ལྡན་འདས་སྒྲུབ་པ་དང་བའི་བརྩུབ་བརྟོན་པར་མད་ད།། རྐང་བཔའ་བ་གས་མཅད་པགས།། པ་ན་མ
28a2 ཟུང་ནས་གང་དུ་སེམས། ། སེམས་ཅན་མི་ལྡན་གནས་པར་བྱེད།། དེ་ལ་དམ་ཚིག་ཆེན་པོ་། ལ་འབྱོར་བརྩམ་པར་བྱ་བ་སྟེ།། དེ་ཡི་སངས་རྒྱས་སོགས་དངོས་ཐུག།། ཟླ་བ་གཅིག་གིས་དེ་མཐར་བྱིན།། ཡེ་ཤེས་འཁོར་ལོས་བརྟུལ་བ་ཡིས།
28a3 དེཚེ་ནི་འགྲུབ་པར་འགྱུར།། ཐོག་མར་ཟླ་བ་གསུམ་དུ་ནི།། དང་པོའི་རྣལ་འབྱོར་བརྩམ་པར་བྱ།། ཕྱག་ན་དོ་རྗེའི་རིགས་འབྱུང་ལ།། འདིར་ནི་སྔགས་ཆེན་བསྒྲུབ་པར་བྱ།། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་རིགས་ལ་སོགས་པ་རྣམས་ཀྱིས
28a4 དངོས་གྲུབ་ཀྱི་དམ་ཚིག་རིན་པོ་ཆེ་འཆིང་བར་བྱེད་པ་གསུངས་པ། རྣམ་པར་སྡང་མཛད་ཞེས་གཟུགས་སུ།། དེ་ར་བདག་ཉིད་ཡང་དག་པ་བྱེད།། རང་སྔགས་ཅཀྲི་ཞེས་བརྗོད་ན།། འཁོར་ལོའི་རིག་པ་འཛིན་པར་འགྱུར།། རྣམ་པར་སྣང་མད་ཞེས
28a5 བཤད་པར། ། དེར་ནི་བདག་ཉིད་ཡང་དག་བསྐྱེད།། རང་སྔགས་ཁརྠེ་ཞེས་བརྗོད་ན།། རལ་གྲིའི་རིག་པ་འཛིན་པར་འགྱུར།། རང་ཉིད་རྣམ་པར་སྣང་མཛད་ཞེས།། དེར་ནི་བདག་ཉིད་ཡང་དག་བསྐྱེད།། རང་སྔགས་པདྨེ་ཞེས་བརྗོད་ན།། པད་མའི
28a6 རིག་པ་འཛིན་པར་འགྱུར། ། རང་ཉིད་རྣམ་པར་སྣང་མཛད་ཞེས།། དེར་ནི་བདག་ཉིད་ཡང་དག་བསྐྱེད།། རང་སྔགས་ཏྲི་ཤཱུ་ལ~ཾ་ཞེས་བརྗོད།། ཅེ་གསུམ་རིག་པ་འཛིན་པར་འགྱུར།། རྣམ་པར་སྣང་མཛད་ཞེས་བཤད་པར།། དེར་ནི་བདག་ཉིད་ཡང་།
28a7 དག་བསྐྱེད།། རང་སྔགས་བཛྲ་ཞེས་བརྗོད་ན།། རྡོ་རྗེའི་རིག་པ་འཛིན་པར་འགྱུར།། རང་ཉིད་རྣམ་པར་སྣང་མཛད་ཞེས།། དེར་ནི་བདག་ཉིད་ཡང་དག་བསྐྱེད།། རང་སྔགས་ཨཾ་ཀུ་ཤཾ་བྱས་ན།། ལྕགས་ཀྱུ་ཞེས་པར་མངོན་བརྗོད་འགྱུར། རང་ཉིད་རྣམ
28a8 པར་སྣང་མཛད་ཞེས། ། དེར་ནི་བདག་ཉིད་ཡང་དག་བསྐྱེད།། རང་སྔགས་པཱ་ཤཾ་ཞེས་བརྗོད་ན།། ཞགས་པའི་རིག་པ་འཛིན་པར་འགྱུར།། ཕྱག་རྒྱ་ཆེ་སོགས་མཚན་ཉིད་ཀྱིས།། རང་གི་གཟུགས་ནི་ཡང་དག་བསྐྱེད།། དེ་ཉིད་ཡིད་བཞིན་ནོར་བུ་མཆོག།
iiif viewer powered by OpenSeadragon
27b - 28b