| | e-texts navigator
|
287b1 ངག་གི་ཁ་ནས་ཁ། ། བཅོམ་ལྡན་སྐུ་ནི་གསལ་བས་ཟླས།། དེ་ནས་རྡོ་རྗེ་འཛིན་ལ་བཀའ་སྩལ་པ། ལས་རྣམས་བཞི་ཡིས་ལས་རྣམས་འགྲུབ།། ས་གཞི་དག་ནི་སོ་སོར་བརྟག། ཞིབ་དཀར་ཟླུམ་པད་མ་ཅན།། རྒྱས་སེར་གྲུ་བཞི་འཁོད
287b2 ལོའོ། ། དབང་དམར་ཟླ་གམ་ལྕགས་ཀྱུ་སྟེ།། དྲག་པོ་འཐིང་ནག་རྩེ་གསུམ་པོའོ།། ཞི་བ་རྒྱས་པ་སོར་བཞི་དང་།། ཁྲུ་གང་ཁྲུ་དོ་མཉམ་པའོ།། དབང་དང་དྲག་པོ་སོར་གསུམ་སྟེ།། ཁྲུ་གང་ཁྲུ་དོ་ཁྲུ་གསུམ་ཁྲུ།། འོ་མ་ཅན
287b3 དང་དྲི་ཞིམ་ཤིང་། ། འབྲས་བུ་དང་བཅས་ཞི་རྒྱས་ཤིང་།། ཚེར་མ་དུར་ཁྲོད་ཤིང་དག་ནི།། ཁ་དོག་དམར་ནག་དབང་དྲག་ལ།། ཀུ་ཤ་དག་ཀྱང་འགྲམ་བྱ་སྟེ།། ལས་ཀྱི་བུམ་པས་གསང་བར་བྱའོ།། ཞི་བ་ཞོ་དང་མར་དང་ནི།
287b4 འོ་མ་དྲི་ཞིམ་མེ་ཏོག་དཀར།། འབྲས་དང་ན་ས་དང་གྲོ་དང་ནི།། ཞོ་ཡི་ཆན་དང་བསྲེས་པ་དབུལ།། རྒྱས་པ་ཞོ་སྦགས་དཀར་གསུམ་སྟེ། མ་ངར་གསུམ་འབྲས་བུ་གསུམ་དག་སྟེ།། ཡམ་ཤིང་འོ་མ་ལོ་འདབ་བཅས།། ཏི་ལ་ནི།
287b5 དཀར་པོ་ཤེས་པའོ།། ཁྭ་དང་འུག་པ་བྱ་རོག་བྲུན།། སྐེ་ཚེ་ནིམ་པ་ཡུངས་དཀར་དང་།། ཁྲག་གིས་སྔགས་པའི་རྫས་ཀུན་ཏེ།། ཡམ་ཤིང་ཚེར་མ་མར་དག་དང་།། ཤ་དང་ཚིལ་དང་གཟུགས་བཅས་པ།། ཏིལ་ནི་ནག་པོ་ཤིས
287b6 པའོ། ། ཤར་དུ་བལྟས་ན་ཞི་བ་སྟེ།། བྱང་དུ་བལྟས་ན་རྒྱས་པའོ།། ནུབ་ཏུ་བལྟས་ན་དབང་དུ་སྡུད།། ལྷོ་རུ་བལྟས་ཏེ་བསང་པར་བྱའོ།། སྦྱིན་སྲེག་བྱས་པས་ལས་ཀུན་འགྲུབ།། གཡས་ཀྱང་དབང་གིས་འདུག་པས་སྟེ།
287b7 གཡོན་བརྐྱང་ཕྲན་གསད་པའོ།། བུམ་པ་ཁ་དོག་སྔོན་པོ་སྟེ། རྔམ་ལྕགས་སོར་ནི་བཅུ་དྲུག་ཆད།། སྨན་ལྔ་འབྲུ་ལྔ་རིན་པོ་ཆེ།། འབྲས་གསུམ་འབྲུ་གསུམ་བཅས་པ་སྟེ།། དྲི་ཞིམ་ལོ་འདབ་བཅས་པའི་ཤིང་།། བ་ཡི་རྣམ་ལྔ
287b8 འཁྲུ་དོའི་ཚད། ། གྲུ་བཞི་ཁྲུ་གང་ཟླུམ་པོ་སྟེ།། སེང་ལྡེང་བཞི་ལས་བྱས་པ་ཡི།། ཕུར་པ་མཚོན་སྣ་དང་བཅས་པའི།། དཀར་གསུམ་མངར་གསུམ་དང་བཅས་པའི།། གདེངས་ཀ་ཅན་ལ་དབུལ་བར་བྱའོ།། གྲུབ་པ་ཁྲུས
iiif viewer powered by OpenSeadragon
287a - 288a