e-texts navigator
Collection
Volume
Page
Wylie

287a1 ལ་རྫུ་འཕྲུལ་དང་ལྡན་བདུད། ། དགའ་རབ་དབང་ཕྱུག་ཐོད་འཕྲེང་ཅན།། བུམ་སྣ་སེན་དགུ་ཤ་ཟ་བདུད།། བཙུན་མོ་མེ་ཏོག་མཛེས་མ་དང་།། འོད་ཟེར་འཕྲོག་དང་མདངས་འཕྲོག་མ།། གདོན་རིགས་སྟོང་ཕྲག་བརྒྱད
287a2 བཅུའི་འཁོར། ། མ་ལུས་བཅས་པའི་སྔགས་འདི་ནི།། གནོད་ལ་བོར་བའི་སྲོག་སྔགས་སོ། པྲེ་ཏ་པི་ཤཱ་ཙ་བིད་ར་ནཱ་ཡ་ཧཱུཾ་ཕཊ། པྲེ་ཏ་པི་ཤཱ་ཙ་ཀྲོ་དྷ་སཱ་དྷ་ནཱ་ཡ་ཧཱུཾ་ཕཊ། པྲེ་ཏ་པི་ཤཱ་ཙ་ནཱི་ལ~ཾ་བ་སཱ་ན་ཡ་ཧཱུ~ཾ་ཕཊ། པྲེ་ཏ་པི་ཤཱ་ཙ་ཨ་པྲ་ཏི་ཧད
287a3 བ་ལ་ཕཊ། པྲེ་ཏ་པི་ཤཱ་ཙ་བ་རཱ་ཀྲ་མཱ་མཱ་ར་ཡ་ཕཊ། པྲེ་ཏ་བི་ཤཱ་ཙ་ཀྲི་ཏཱན་ཏཱ་རཱུ་བཱ་ཡ་ཕཊ། པྲེ་ཏ་བི་ཤཱ་ཙ་རོ་ཥ་ཎཱ་ཡ་ཕཊ།། ཉི་མ་ཟླ་བ་དག་གི་བར་དུ་རླུང་ལ་སྐྱོན་ཏེ། ཚོན་སྣ་ལྔས་བཅིངས་ཏེ་བསྐྲང་པར་བྱའོ།། མཆོད་རྟེན་སྐུ་གདུང
287a4 ལྡན་པའི་དྲུང་། ། མཎྜལ་མེ་ཏོག་བཅས་པའི་སྟེང་།། བསྙུང་བས་ཁྱི་ཡི་ཤ་ལ་བསྒྲུབ།། རྨི་ལྟས་རིམ་པ་ལྡན་པས་བརྟག། བརྒྱད་ཁྲི་ཞབས་ནུབ་འཇིགས་པའི་རྩ།། གད་རྒྱངས་བཞད་མཛད་ཞལ་གསུམ་པ།། ནག་པོ་ཞབས
287a5 གདུབ་གདུག་པ་འཛིན། ། སྟོབས་ཆེན་རབ་ཏུ་མནོན་པ་པོ།། ཀླུ་ཆེན་མ་རུངས་གདུག་པ་ཅན།། ནོར་རྒྱས་དང་ནི་དུང་སྐྱོང་དང་།། དགའ་བོ་དང་ནི་འཇོག་པོ་དང་།། པད་མ་པད་མ་ཆེན་པོའོ།། སྟོབས་ཀྱི་རྒྱུ་དང་རིགས་ལྡན་ནམ།།
287a6 རྒྱ་མཚོ་དག་ལ་གནས་པ་ཡི།། ཀླུ་དང་གཉེན་དང་ས་བདག་གསུམ།། སྤྲུལ་པ་ལས་ལས་གྲུབ་པ་ཡི།། གླེན་པ་ང་རྒྱལ་རྫུ་འཕྲུལ་ཅན།། སྤྲུལ་པ་འབུམ་སྡེ་འཁོར་བཅས་པའི།། མ་ལུས་པ་ཡི་སྔགས་འདི་ནི། གནད་ལ་པོར
287a7 བའི་རྩ་སྔག་སོ། ། ཧ་ར་ཧ་ནཱ་ག་པུ། པྲ་ཧ་ཏ་དཱ་པྲ་ཧ་རཱ་ནཱ་ག་པུ། ཙྪིན་དཙྪན་ད་ནཱ་ག་པུ། བྷི་ནད་བྷིན་ད་ནཱ་ག་པུ། བི་སིམ་ཏ་ནཱ་ག་ཤ་རཱི་རཱ་ཎ་པྲྀ། བི་སྥོ་ཊ་ཡ་ནཱ་ག་ནཱ་ཡ་ནཱ་ནི་པྲ།། ནཱ་ག་བི་དར་ན་ཡ་པུ།། ནཱ་ག་ཀྲོ་དྷམཱ་དན་ཡ་པྲ།
287a8 བལ་པོ་སེའུ་དག་དང་ནི།། བླག་ཤང་དག་གི་ལྐུག་མས་བྱ་བ།། དེ་ནི་ཀླུ་བཟློན་པ་བྱེད་པ་ཆོག། ནཱག་དུན་དུས། ནཱ་ག་ཤོན་དུས། ཧི་ལ་ཧོ་ལ་ནཱ་གདུས་དུས། ཀླུ་ཆེན་ནཱ་གའི་སྲོག་སྙིང་ཏེ། གནད་ལ་བོར་བའི་སྲེག་རྙིང་།། རྡོ




iiif viewer powered by OpenSeadragon

286b - 287b

Texts on this page

Q90 - gsang ba'i rgyud rnams kyi rnam par 'byed pa drag po gsum 'dul zhes bya ba