| | e-texts navigator
|
285a1 རུ་པ་ཡ་ཕཊ། ཛ་ཤྲ་ཎ་ཡ་པཀྲཏྲཱ་ས་ནཱ་ཡ་ཕཊ། ཀུ་བྷན་དོད་སཱ་ད་ནཱ་ཡ་ཕཊ། པྲ་ཏ་བི་ཤཱ་ཙ་བི་ནཱཀྵ་ཀཱ་ར་ཡ་ཕཊ། ཡཀྵ་ཨ་པ་སྨ་ར་ཡ་པཊ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ།། སརྦ་བི་གྷ་ར། བི་ནཱ་ཤ་ག་ར
285a2 ཕཊ། སརྦ་ཤཏྟཱ་ས་གྷ་བི་ནཱ་ཤ་ཀེ་རཱ་ཡ་ཕཊ། ནཱི་ལ~ཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ།། ཞེས་པ་ཕྲེང་བའི་གསང་བའི་སྔགས་སོ།། སངས་རྒྱས་གླང་གཱའི་ཀླུང་གིས་གསུངས་པའི་རིགས་སྔགས་འདིས་ནི་སྡིག་པ་ཐམས་ཅད་འདག
285a3 པ་མ་རུདྲ་བ་ཐམས་ཅད་འཇོམས་པ་ལས་ཐམས་ཅད་འགྲུབ་པ་ཡིན་ཏེ་དེ་ཡིད་རིག་པ་འཛིན་པས་བསྒྲུབ་སྙེད་མ་ཚིག་དང་ལྡན་པས་སོ། ། དེ་ཡང་བླ་མ་ལ་གུས་ཤིང་།། ཡི་མ་དཀོན་མཆོག་ལ་དད་ཅིང་།། བྱང་ཆུབ་སེམས་རང་སྡོམ་པ་དང་།
285a4 ལྷ་དང་སྔགས་ལ་གུས་པ་དང་།། རྒྱུན་དུ་རྣལ་འབྱོར་དང་ལྡན་ཏེ། རྒྱུད་དོན་དོན་ལ་བརྩོན་ལྡན་ན།། ལས་རྣམས་ཐམས་ཅད་འགྲུབ་པའོ།། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་བཀའ་བཞིན་མཛད་པ
285a5 བཅོམ་ལྡན་འདས་ལ་ཞུས་པ། ། དམ་ཚིག་དག་ལ་འདས་ན་ལས་རྣམས་མི་འགྲུབ་དག་པ་མེད།། དོན་མེད་དག་སྟེ་འབྲས་བུ་གང་ཀྱེ་ཁུང་ཞེས་ཞུས་པས། རྡོ་རྗེ་དམྱལ་བའི་ནང་དུ་མི་བཟད་པའི་འབྲས་བུར་འགྱུར་རོ།། བཅོམ་ལྡན
285a6 འདས་དེའི་ཚེའི་ཚད་ཇི་ཙམ་དུ་སྡུག་བསྔལ་ཉམསུ་མྱོང་བར་འགྱུར་ཞེས་ཞུས་པས། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལེགསོ་ལེག་སོ།། སྐྲག་པར་མ་བྱེད་ཅིག། འདིས་ནི་དེ་བཞིན་གཤེགས
285a7 བཐམས་ཅད་ཀྱི་ཐུགས་པ་ཤཾ། སྟེ་ཐུགས་དང་འགལ་བས་རྡོ་རྗེ་གདན་ནམ་ཞིག་ཙམ་ན་ཐར་བར་འགྱུ་རོ།། བཅོམ་ལྡན་འདས་རྡོ་རྗེ་གདན་ནམ་འཇིག་པར་འགྱུར་ཞེས་ཞུས་པ་དང་།། ན་མཁའི་ཁམས་ཀྱི་སེམས་ཅན་ཐམས
285a8 ཅད་སངས་རྒྱས་པའི་འབྲས་བུ་ཐོབ་སྟེ། ། རྡོ་རྗེ་གདན་འཇིག་སྟེ་ཐར་བར་འགྱུ་རོ།། བར་མདོ་དང་སྐྱེ་གནས་འཇིག་པ་དག་ཡོད་དོ།། དེའི་གསང་བའི་སྔགས་ནི་ཟླ་བའི་སྟེང་དུ་ཡི་གེ་ཨ་བཀོད་དོ།། ཆོས་ཉིད་དག
iiif viewer powered by OpenSeadragon
284b - 285b