| | e-texts navigator
|
284a1 ཉིད་གང་། རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ།། ཤེས་རབ་སྙིང་རྗེགས་དབང་ལྡན།། ལྕགས་འདྲིའི་རི་དང་བྱ་སྐྱིབས་དང་།། ནགས་ཚལ་འཐུག་དང་མཆོད་རྟེན་ནང་།། ཞལ་གསུམ་ཕྱག་དྲུག་འཇིགས་པ་ཆེ།། མཆེ་བ
284a2 གཙིགས་པ་རག་པོ་སྟེ། ། དཀར་པོ་གཡས་ཏེ་ཁྲོས་པའི་མདོག། ཧཱུཾ་སྒྲོགས་མེ་ལྕེ་འབར་བའི་དབུགས།། དམར་སེར་ག་ཤིང་བཞད་པའི་ཞལ།། སྤྱན་དམར་མེ་དཔུང་དང་འདྲ་བ།། ཟླ་བ་རྒྱས་པ་ལྟ་བུའི་ཞལ།། ནིར་རྒྱས་དྲང་སྐྱོང་སེར་པོས
284a3 དབ། ། དགའ་བོ་ཉི་དགའ་སྙན་ཆད་མར།། དཔུང་པ་པད་མ་ཆུ་ལྷ་དཀར།། སེ་རལ་འདབ་བཟངས་རིག་ལྡན་གནག། ཚམ་ངམ་རྡོ་རྗེ་སྡིགས་འཛུབ་དང་།། ཐལ་མོས་བདུད་འཇོམས་སྤྲུལ་ནག་འཛིན།། ཞལ་གསུམ་པ་སྟེ་འཇིགས་པ
284a4 སྐུ་གསུམ་དག་གིས་རབ་ཏུ་མཚན། ། ཕོ་ཉ་གསུམ་གྱིས་གདུག་པ་འདུལ།། ཀླུ་ཡི་གཉེན་པོའི་གནོད་སྤྲིན་བདག། བདུད་འདུལ་ཚངས་པའི་ཕོ་ཉ་ནི།། ཟླ་བ་ཉི་མ་དག་གི་སྟེང་།། གླང་ཆེན་ཀར་ཀ་གསར་གྱི་གདན།། བརྒྱ
284a5 བྱིན་སེར་པོ་རྡོ་རྗེ་འཛིན། ། ཚངས་པ་རལ་གྲི་པད་མ་འཛིན།། ཀླུ་འདུལ་སྤྲུལ་ནག་འཛིན་པའོ།། བདུད་འདུལ་དབང་པོ་ཉི་མའི་སྟེང་།། གནོད་སྦྱིན་ཟླ་དང་སྟོབས་ཀྱི་སྟེང་།། ཀླུ་འདུལ་རི་སྟེང་རྒྱ་མཚོའི་ནང་།། སྦྲུལ་ནག་འཁྱིལ་པ་སྟོབས
284a6 ལྡན་ཏེ། ། མཁའ་དང་རི་བོས་མནན་པའི་སྟེང་།། གསེར་མདོག་སྟོབས་གཉིས་གསེར་གྱི་གདན།། བརྒྱད་ཁྲིར་ཞབས་གཞག་རི་རབ་མནན།། མེ་དཔུང་སྐུ་ལ་འཁྲུགས་པའི་འོད།། ཁམས་གསུམ་ཁྱབ་མཛད་ཁྲོ་བོ་འཕྲོ།། སངས
284a7 རྒྱས་འདུས་པའི་སྐུར་ཕྱག་འཚལ། ། དེ་ནས་གསང་བའི་དཀྱིལ་འཁོར་ནི།། རྡོ་རྗེ་མེ་དཔུང་འོད་དང་ལྡན།། དེ་ཉིད་མཁའ་དང་འབྱུང་བ་ལས།། དུར་ཁྲོད་བརྒྱད་དང་ལྡན་པའི་གནས།། བདག་པོའི་ས་བོན་ལས་བྱུང་བ།།
284a8 ཟླཉི་ཐོད་པ་རྡོ་རྗེ་ལས།། དྲག་པོའི་བརྟགས་ལྡན་གཙོ་བོ་ཆེ།། མཛེས་ལྡན་སྐུལ་ཡང་དགའ་ཁྲིལ།། དྲག་ཆེན་འདུལ་མཛད་དྲི་ཟའི་གཙོ།། མདོག་དཀར་རྩ་གསུམ་འབང་བ་འཛིན།། འོད་འཕྲོ་དཀར་མོ་སྐུལ་འཁྲིལ།།
iiif viewer powered by OpenSeadragon
283b - 284b