| | e-texts navigator
|
282b1 རགས་བཅིངས་པ། ། སྦྲུལ་ནག་པོ་སེ་རལ་ཁར་ཐོགས་པ།། བཞིན་རྒྱུས་བསྨིན་མ་ཁྲོ་གཉེར་དུ་བསྡུས་པ།། ཡ་སོས་མ་མཆུ་མནན་པ།། རྩེ་ཀློག་ལྟར་འགྲུབ།། གཤིན་རྗེའི་ཆ་བྱད་ཅར།། གསུས་པོ་རེ་སྤྲུལ་ཟ
282b2 པ། རྒྱ་མཚོའི་ཟབ་སུ་དཔག་ཅད་བརྒྱད་ཁྲི་ཡོད་པས་རྐང་པའི་པུས་མོར་ཕྱིན་པ།། དབང་པོ་དང་ཉི་མའི་སྟེང་ན་བཞུགས་པ།། ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ།། ཨ་ལ་ལ་ཞེས་སྒྲ་སྒྲོགས་པས་སྐྲག
282b3 པར་བྱེད་པ། ། ཀླུ་ཐམས་ཅད་ཀླག་པར་བྱེད་པ།། གད་རྒྱངས་ཆེན་པོ་རྒོད་པས་ཀུན་དུ་འཁྲུག་པར་བྱེད་པ།། གཤིན་རྗེའི་གཟུགས་ཅན་ཁམས་གསུམ་འཇིགས་པར་བྱེད་པ།། ཀླུ་རྣམས་འབྲེལ་བར་བྱེད་པ
282b4 དེ་ལ་ཕྱག་འཚལ་ལོ། ། ཞེས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་བསྟོད་ནས་གསུང་དུ་གསོལ་ཞེས་སྨྲས་སོ།། དེ་ནས་ན་མཁའ་དེ་ཉིད་ལ་གཞལ་ཡས་ཁང་དང་།། འཁོར་ལོ་ཆེན་པོའི་ཏིང་ངེ་འཛིན་དང
282b5 ལྡན་པའི་དྲག་པོ་ཆེན་པོས་འཁོར་བསྡུས་ནས། ། ཕྱག་ན་རྡོ་རྗེ་དྲག་པོ་ཆེ།། རྡོ་རྗེ་ཁྲོ་བོ་དྲག་ཆེན་འཇོམས།། རྡོ་རྗེ་གཟི་བརྗིད་སྔགས་ཀྱི་གཙོ།། རྡོ་རྗེ་མི་ཐུབ་འཇིགས་བྱེད་ཆེ།། རྡོ་རྗེ་ཕྲིན་ལས་ཀུན་དོན
282b6 མཛད། ། ཐབས་འདུལ་འཁོར་ལོ་ཆེ་སྐུ་ལ།། འབྱུང་བ་ལྔ་ཡི་བདག་ཉིད་ཆེ།། མཛེས་ལྡན་འོད་ཟེར་ཅན་དང་ནི།། མདངས་ཅན་སྐྲ་དབྱངས་རླུང་འབྱིན་ཏེ།། སྐྱེད་བྱེད་ལས་ཀུནི་སྒྲུབ་པ་ལ།། འགུགས་ཤིང་སྡུད
282b7 དང་སྡོམ་ཞི་མཛད། ། མཐའ་བརྟུལ་ལས་རྣམས་སྒྲུབ་པ་ལ།། ཐིག་ལེའི་རང་བཞིན་མི་ཤིགས་ལ།། ཁ་སྦྱོར་ནི་ཟླའི་འབྲེ་འདུབས།། བགེགས་རིགས་སྟོང་ཕྲག་འཇོམས་མཛད་པ།། འཁོར་ལོའི་བདག་པོ་ཁྱོད་ལ་བསྟོད།། །
282b8 བོནོ་རབ་ཏུ་འབར་བ་ཡིས།། ཐབས་དང་ཤེས་རབ་སྲེག་གསོ་མཛད།། བདེ་ཆེན་རབ་ཏུ་གསོལ་མཛད་ནས།། སྡུག་བསྔལ་ཉོན་མོངས་འཇོམས་ལ་བདུད།། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨ་དྲཱ་བ་ན་ནད་ཏུད་ཨོཾ་ཨཱཿཧཱུཾ་ཞེས་བཅོམ་ལྡན
iiif viewer powered by OpenSeadragon
282a - 283a