| | e-texts navigator
|
26b1 བ.རཿ། དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི།། གང་བ་དེ་ལ་གྲགས་པ་ཡིན།། ཡི་གེ་གཅིག་གི་གསང་སྔགས་ཀྱི།། རང་གཟུགས་རྣམ་པར་བསྒོམ་པར་བྱ།། རིགས་ཀྱི་བདག་པོ་འབྱུང་བ་ནི། ཡི་གེ་གསུམ་གྱི་རྟག་ཤེས་བྱ། ཡིག
26b2 ལྔ་ལ་སོགས་གཟུང་བས། ། ཇི་སྲིད་ཡི་གེ་འབྱུང་བའོ།། འོད་དཀར་འབར་བའི་ཕྲེང་བ་སོགས།། འབར་བའི་ཕྲེང་བ་མཉམ་པའི་འོད།། རིགས་ཀྱི་དབྱེ་བས་ལས་རྣམས་ཀྱི།། ཐོག་མ་ཐ་མ་འང་བྱའོ།། ཨུ་དཔལ་སྔོན་པོའི་མདབ་རྣས་པར།།
26b3 ཨིན་དྲ་ནཱི་ལ་མཚུངས་པའི་འོད།། འོད་ཟེར་འབར་འཁྲུག་གཙོ་བོའི་ཡུམ།། ཡིད་ཀྱིས་བསམས་པས་འགྲུབ་པར་འགྱུར།། པད་མ་རཱ་ག་དབང་མདོག་འོད།། དམར་པོ་འབར་བ་མཚུངས་པའི་འོད།། འཇིག་རྟེན་ཁམས་ནི་ཀུན་ནས
26b4 སྲ། ཆོག་ཤེས་པས་སྣང་བར་བྱ།། གེས་སེར་པོ་དང་མཚུངས་པ།། སེར་པོ་འོད་སེར་འབར་ལ་སོགས།། སྒོམ་པའི་གོ་འཕངས་ཀྱིས་བསྒོམ་བྱ།། ཐེ་ཚོམ་མེད་པར་བསྒྲུབ་པར་བྱ།། དེ་ཉིད་འབྱུང་བ་གང་གསུངས་པ།། ང་ག་ཟམ
26b5 ཡང་དག་བསྐྱེད་ནས་ནི། ། སྙིང་ཁར་མེ་ཏོག་བསམས་ནས་ནི།། དཀྱིལ་འཁོར་དེ་ལ་བསྒོམ་པར་བྱ།། ཆོག་ཤེས་པས་དེའི་སྟེང་དུ།། སྙིང་པོ་ཕྱག་རྒྱ་རྣམ་བསྒོམ་བྱ།། ཇི་ལྟའི་གོ་འབངས་ཀུན་བསྐྱེད་ནས།། ཡེ་ཤེས་དེ་ཉིད་རྣམ་བསྒོམ་བྱ།
26b6 གར་ཨ་ཡིག་དེས་ཕྱུང་ནས།། སངས་རྒྱས་མཆོད་པ་ལ་སོགས་བྱ།། འཇིག་རྟེན་ཁམས་ནི་ཀུན་ནས་སུ།། ཆོག་ཤེས་པས་སྤྲོ་བར་བྱ།། ཐོག་མ་བར་དང་ཐ་མར་ནི།། སླར་ཡང་བསྡུ་བར་བསམ་པར་བྱ།། ཟླ་འོད་ལྟ་བུར་ཡང་དག་སྦྱོར།། རང
26b7 ལུས་སུ་ཡང་བསྒོམ་པར་བྱ། ། འདི་ནི་དེ་ཉིད་ཚུལ་དགེ་བ།། རིགས་གསུམ་དུ་ཡང་རྟོགས་པར་བྱ། བྱ་དང་བྱེད་པ་ཡང་དག་སྦྱོར།། སྒོམ་པ་དེ་ནི་འགྲུབ་པར་བྱེད།། སེམས་ཀྱི་ཀུན་སྦྱོར་མཚན་ཉིད་ཀྱིས།། གལ་ཏེ་ཆགས་ལ་ཆགས་པར་འགྱུར།
26b8 བསམ་གཏན་དུས་ལ་རབ་གཞུག་ནས།། དེ་ལ་གཞུག་པར་བསྒོམ་པར་བྱ།། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་སྒྲུབ་པ་པོ།། སྒྲུབ་པོ་རྣམས་ཀྱི་དེ་ཉིད་འདི།། དངོས་གྲུབ་བསྒྲུབ་ལ་དམ་ཚིག་མཆོག། སངས་རྒྱས
iiif viewer powered by OpenSeadragon
26a - 27a