e-texts navigator
Collection
Volume
Page
Wylie

25a1 ཆན་པ་དཀྱིལ་འཁང་རྫོགས་སྷོ། ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོརྗེས་སྒྲར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ན་པ་ཅ།
25a2 ཁམས་ཐམས་ཅད་དུ་སྤྲོ་བའི་རྡོ་རྗེ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་དེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་དེ་ནམ་མཁའི་ཁམས་ཐམས
25a3 ཅད་དུ་སེམས་ཀྱིས་གང་བར་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མུ་དང་། ། གསུང་དང་ཐུགས་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་རབ་ཏུ་རྩལ་ཏེ། དེ་ན་བཅོམ་ལྡན་འདདས་ང་མཛད་ཆེན་པ་དེ་བཞིན་གཤེགས་པ
25a4 ཐམས་ཅད་ཀྱི་དམ་ཚིག་བསྒྲུབ་པའི་མཆོག་ཅེས་བྱ་བ་རིག་མའི་ཚུལ་ལ་སོགས་པའི་ལས་ཅན་གསུངས་པ། ། ཁྲུ་ནི་སུམ་བཅུའི་ཁྱོན་ཙམ་དུ།། ཀུན་ནས་ཡོངས་སུ་ཟླུམ་པོར་ནི། ཨིན་དྲ་ནཱི་ལ་མཚུངས་པའི་འོང།། འོད་ཟེར་འབ་བ
25a5 དེ་བྱུང་ནས། ནམ་མཁའ་དུ་ནི་འདི་བྱབ།། བསམ་གཏན་སྦྱོར་བས་བསམ་པར་བྱ། འཛམ་བུའི་གླིང་ནི་ཐམས་ཅད་དུ།། འོ་མ་དང་ཞོས་ཀུན་དུ་འཁྲུགས།། ཤིང་རྟའི་འཁོར་ལོའི་ཚད་ཀྱིས་ནི།། པད་མས་གཡོགས་པར་རྣམ་བསྒོམ
25a6 ཐོ་བོ་ཆེན་པོ་གཤིན་རྡེབ་ཤེད། ། དྲུག་ཏུ་རྒོད་པ་ཆེན་པོ་སོགས།། རྟག་ཏུ་དེ་ཡི་དཀྱིལ་འཁོར་གྱི།། དེ་ཡི་གཟུགས་ནི་རྣམ་བསྒོམས་ནས།། ཁྲོ་ཆེན་ལོ་གཉེར་རིམ་པར་ལྡན། འབང་བའི་ཕྲེང་བ་ལཁྲུགས་པའི་འོད།། ཇི་ལྟར་རིགས་པར
25a7 ཀུན་བསྐྱེད་ནས། སྒོམ་པར་བྱེད་པ་དེ་དང་བཤད།། ཐེ་བོ་ཆེན་པོ་དབྱུག་པ་སོ།། འཇིག་རྟེན་གསུབ་འཇིག་འཕྲོག་བྱེད་པ།། སངས་རྒྱས་ཀུན་གྱི་ཡེ་ཤེས་སུ།། འཇོམས་པ་པོ་ནི་རབཏུ་གནས།། ཇིག་གསུངས་པའི་གཟུགས་གསུམ
25a8 གྱིས། ནམ་མཁའི་ཁམས་ནི་ཀུན་དུ་གག།། ། ཡི་གེའི་གཟུགས་ནི་ཀུན་བསྐྱེད་ནས།། བདག་ཉིད་སྙིང་ཁར་རྣམ་པས་མ་བྱ།། སྙིང་ཁའི་གཟུགས་ནི་དེར་རྣམས་སུ།། ལྷ་ཡི་རྣམ་པར་སྒོམ་པར་བྱེད།




iiif viewer powered by OpenSeadragon

24b - 25b

Texts on this page

Q87 - 'phags pa gnyis su med pa mnyam pa nyid rnam par rgyal ba zhes bya ba'i rtog pa'i rgyal po chen po