e-texts navigator
Collection
Volume
Page
Wylie

23a1 པ་ཡིན། ། གཟུགས་བརྙན་དེ་ནི་ནམ་མཁའི་དབྱིངས།། ཡོངས་སུ་གང་བར་རྣམ་བསྒོམ་བྱ།། དཔག་བསམ་ལྗོན་ཤིང་རིན་ཆེན་ཆེ། ཡིད་བཞིན་ནོར་བུ་ཤིན་ཏུ་མཛེས།། རིགས་ཀྱི་དབྱེ་བ་ཤེས་པ་ཡིས།། དེ་རྣམས
23a2 ཁདོག་རྣམ་བསྒོམ་བྱ། ། ཇི་ན་གསུངས་པའི་གཟུགས་དེས་ནི།། དབང་བསྐུར་བ་ན་གཟུང་བར་བྱ།། ཆོག་ཤེས་པས་དེ་ཡི་ཚེ།། བྱ་བ་བུམ་པ་བསམ་པར་བྱ།། སངས་རྒྱས་གཟུགས་སོགས་ཐམས་ཅད་ཀྱིས།། མཆོད་བཞིན་པར་ནི་རྣམ
23a3 པར་བསམ། ། ཡང་དག་སྦྱོར་བའི་མཚན་ཉིད་འདས།། ཤིན་དུ་དབང་བསྐུར་མཉམ་པ་ཅན།། སྐྱེ་བ་འདིར་ཉིད་སངས་རྒྱས་ཉིད།། ཐོབ་སྟེ་འདིར་ནི་ཐེ་ཚོམ་མེད།། རང་སྔགས་ཁྲོ་བོ་མཚུངས་པ་ཡི།། ཕན་པའི་སྦྱིན་བསྦྱིན་པར་བྱེད། དེ་ནི་དུས
23a4 ཡུན་མི་རིང་བས། ། དངོས་གྲུབ་སྐྱེ་བ་ལྟ་བུར་ཐོབ།། བློ་ལྡན་སངས་རྒྱས་སློབ་དཔོན་གྱིས།། རྟག་ཏུ་དེ་ཡི་དམ་ཚིག་ནི།། གང་ཁོ་ན་ཡི་རིགས་འབྱུང་བ།། འབད་པ་ཡི་ནི་ཅི་ལྟའོས།། གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྟོག།
23a5 པཆེན་པོར་བསམ་གཏན་ཆེན་པོའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སླར་ཡང་ནམ་མཁའི་ཁམས་ཐམས་ཅད་ཡེ་ཤེས་ཀྱི་སྣང་བས་ཡང་དག་པར་བསྐུལ་བར་བྱེད་པ་ཞེས་བྱ་བའི་ཏིང
23a6 འཛིན་ལ་སྙོམས་པར་ཞུགས་ཏེ། ། དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་སྐྱེད་པར་བྱེད་པའི་སྔགས་འདི་གསུངས་པ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ནོད་བྷཱ་བཱ་ཡ་སྭཱ་ཧཱ།། སྔགས་འདི་གསུངས་མ་ཐག་ཏུ་སངས་རྒྱས་ཀྱི་ཞིང་གྲངས་མེང་པ
23a7 བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བརྒྱ་སྟོང་ཕྲག་གཡོས་ཤིང་རབ་ཏུ་གཡོས་སོ། ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སླར་ཡང་ཀུན་ནས་ཀུན་དུ་སྣང་བའི་དམ་ཚིག་རྡོ་རྗེ་བྱིན་གྱིས་རློབ་པ་ཞེས་བྱ་བའི་དམ་ཚིག་ལ
23a8 སྙོམས་པར་ཞུགས་ཏེ་སྔགས་འདི་གསུངས་སོ། ། ཨོཾ་སཾ་གྲ་ཧ་ཛྙཱ་ནོདྦྷ་བཱ་ཡ་སྭཱ་ཧཱ།། དེ་ཁོ་ན་ཉིད་ཀྱི་སྙིང་པོ་ཆེན་པོ་འདི་གསུངས་མ་ཐག་ཏུ། དེ་ནས་གང་ནམ་མཁའི་ཁམས་ཐམས་ཅད་འོད་ཟེར་འབར་བ་ཆེན་པོས་ཀུན་དུ་སྣང




iiif viewer powered by OpenSeadragon

22b - 23b

Texts on this page

Q87 - 'phags pa gnyis su med pa mnyam pa nyid rnam par rgyal ba zhes bya ba'i rtog pa'i rgyal po chen po