e-texts navigator
Collection
Volume
Page
Wylie

19a1 ཞུགས་བརྩོན་པས་བསྲུང་བར་བྱ། ། སངས་རྒྱས་ཐམས་ཅད་རྣམ་བསྒོམས་ནས།། བསྲུབ་བྱའི་རྣམ་པར་བསམ་པར་བྱ།། རྡོ་རྗེ་སེམས་དཔའ་ཡང་དག་བསྐྱེད།། སྙིང་པོ་དེ་ལ་བསྒོམ་པར་བྱ།། ཆོག་ཤེས
19a2 པས་འདི་རྟག་ཏུ། ། དུས་གསུམ་དུ་ཡང་བསྒོམ་པར་བྱ། གལ་ཏེ་གཞན་དུ་བཟླས་བྱས་སམ།། བསྒྲུབ་ན་དེ་ནི་མ་ཡིན་ཉིད།། རིག་མ་གཟུགས་དང་གཟུགས་སོགས་ཅན།། འབར་བའི་ཕྲེང་བས་རྒྱན་བྱེད་པ། སེམས་དཔའ
19a3 རིན་ཆེན་ཡང་དག་བསྐྱེད། ། དེ་ཡི་ལག་ཏུའང་རྣམ་བསྒོམ་བྱ།། བསྡུས་པ་ཡིས་ནི་བསྒོམ་བཞིན་དུ།། ཇི་སྲིད་དངོས་གྲུབ་རབ་མཐོང་བྱེད།། གཞན་དུ་གལ་ཏེ་བདག་རྨོངས་ན།། དེ་ཡི་སྦྱིན་པ་དེར་མི་འགྱུར།། ཤིན་དུ་རྣམ་པ
19a4 ཤིན་དྲི་མེད། ། ཡེ་ཤེས་རིན་ཆེན་ཅོད་པན་དུ། བཞག་ནས་བསྒྲུབ་པ་ཡིན་མཆོག། ས་སྟེང་ལྷན་ཅིག་རྒྱུ་བར་བྱེད།། རྡོར་སེམས་བདག་ཉིད་དངོས་གྲུབ་པ།། རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས།། རྟག་ཏུ་རྡོ་རྗེ་ཡེ་ཤེས་ཆོས།།
19a5 གོ་འཕང་དུ་ནི་བསྒྲལ་བར་བགྱི།། ཡེ་ཤེས་རྡོ་རྗེས་དངོས་གྲུབ་པ།། བདུད་རྩི་ཞེས་སོགས་བྱིན་གྱིས་བརླབས།། ནམ་མཁའ་མཆོག་ཏུ་ཕྲ་བ་ཡི།། བཟང་པོ་དེ་ནི་རྣམ་སྤྱོད་བྱེད།། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དེ་སྐད
19a6 ཅེས་གསུངས་སོ། ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་གསང་སྔགས་ཡོངས་སུ་དག་པའི་དེ་ཁོ་ན་ཉིད་བྱིན་གྱིས་རློབ་པ་ཞེས་བྱ
19a7 བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བཀའ་སྩལ་ཏོ། ། རྡོ་རྗེ་སེམས་དཔའ་སྐྱེ་སྒོམ་པ།། ཐུགས་ཀྱི་རྡོ་རྗེ་ཞེས་རབ་བརྗོད།། སེམས་ལ་དེ་ནི་བསྒོམས་ནས་ནི།། ཡེ་ཤེས་རྡོ་རྗེ་རབ་གཞུག་བྱ།། རྡོ་རྗེ་རང་བཞིན་དག་པའི་དོན།
19a8 གསུང་གི་རྡོ་རྗེར་ཡོངས་སུ་བརྟག། དག་པའི་ཡེ་ཤེས་རྣམ་བསྒོམས་པས།། སྐུ་གསུང་དག་པར་རྣམ་བསྒོམ་བྱ།། རྡོ་རྗེའི་བྱིན་རློབ་ཤིན་དུ་གསལ།། མི་ཕྱེད་རྡོ་རྗེའི་སྐུ་ཉིད་དོ།། སངས་རྒྱས་སྐུ་ཡི་རང་བཞིན་ཉིད། ཆོ་ག་ཤེས་པས་བྱིན




iiif viewer powered by OpenSeadragon

18b - 19b

Texts on this page

Q87 - 'phags pa gnyis su med pa mnyam pa nyid rnam par rgyal ba zhes bya ba'i rtog pa'i rgyal po chen po