e-texts navigator
Collection
Volume
Page
Wylie

14a1 གསང་ཆེན་བཀའ་སྩལ་ཏོ། ། སངས་རྒྱས་གཟུགས་སུ་ཡང་དག་བསྐྱེད། འོད་ཟེར་སྣ་ཚོགས་མཚུངས་པའི་འོད། འོད་ཟེར་སྙིང་པོ་སོགས་ཚུལ་གྱིས།། འཁོར་ལོ་དཀར་པོ་དང་མཚུངས་པ།། ཙན་ཀ་ཡི་འབྲུ་ཚད་ཀྱིས།། ཀུན་ནས
14a2 ཡོངས་སུ་ཟླུམ་པོ་རུ། ། སྔགས་པའི་དཔྲལ་བའི་སྟེང་དུ་ནི།། མཉམ་པར་གཞག་པས་བསྒོམ་པར་བྱ།། ཆོ་ག་ཤེས་པས་ཟླ་བ་གཅིག། དེ་ཡིས་དེ་ལྟར་འདི་སྤྲོ་བྱ།། ནམ་མཁའ་ལ་སོགས་རབ་འབྱམ་དུ།། ཟླ་གཉིས་ནང་དུ་རྒྱས་པར་བྱ།།
14a3 ཛཱ་ཏིའི་མེ་ཏོག་སོགས་གཡོགས་པར།། དཀྱིལ་འཁོར་དེ་རུ་རྣམ་བསྒོམ་བྱ།། མཚན་མ་ཕུལ་བྱུང་བཅས་མཐོང་ནས།། མཚན་ཉིད་བརྗོད་པས་མཚོན་པར་བྱ། འབར་བའི་ཕྲེང་བས་རྣམ་བརྒྱན་པའི།། རྡོ་རྗེ་སེམས་དཔའ་རྣམ་བསྒོམས
14a4 ནས། ། གང་དུ་དཀྱིལ་འཁོར་སོགས་ཚུལ་གྱིས།། ནས་ཙམ་དུ་ནི་བསྒོམ་པར་བྱ།། རྩེ་མོ་ལྔ་པའི་རྡོ་རྗེ་ཆེ། སྣ་ཡི་ཅེ་ར་ནི་རྣམ་བསྒོམ་བྱ།། ཨིན་དྲ་ནཱི་ལ་སོགས་ཚུལ་གྱིས།། དེ་ཡི་ཁ་དོག་རྣམ་སྒོམ་མོ།། ཨུད་པལ་ལ་སོགས་གཡོགས་པ་ལ།།
14a5 དཀྱིལ་འཁོར་དེ་ལ་བསྒོམ་པར་བྱ།། ཀུན་དུ་དེ་ཉིད་བྱ་བ་ནི།། ཡེ་ཤེས་རིགས་ཀྱི་ཆོ་ག་ལས།། ཆོག་ཤེས་པས་ཆོས་སེམས་དཔའ།། བསྐྱེད་ནས་བསྒོམ་པར་བྱ་བ་འདི།། ནམ་མཁའི་ཁམས་ནི་ཀུན་བཀང་བར།། བྱས་ནས་འོད་ཟེར་ཡང
14a6 དག་བསྡུ། རྒྱ་ཤུག་ཚི་གུའི་ཚད་ཀྱིས་ནི།། པད་མ་ཡང་དག་སྦྱར་བསྒོམ་བྱ།། པད་མ་རཱ་གའི་འོད་མཚུངས་པའི།། འདབ་མ་བརྒྱད་པ་རྣམ་བསྒོམས་ནས།། ཇི་ལྟར་རིགས་པར་སྙིང་ཁར་དེ།། བསྒོམ་བྱ་གཞན་དུ་མི་བསམ་མོ།། ཐོག་མ
14a7 བར་ནི་ནམ་སྤངས་ནས། ། སྒོམ་པ་དེ་ཡི་དགོངས་པའོ།། མེ་ཏོག་པད་མ་སོགས་གཡོགས་པར།། དེ་ཕྱོགས་སུ་ནི་རྣམ་བསྒོམ་བྱ།། ཆོ་ག་ཤེས་པས་འདོད་མཆོད་པའི།། སེམས་དཔའ་འོད་མཚུངས་བསྒོམ་པར་བྱ།། འོད་ཟེར་འབར་བས་རྣམ
14a8 བརྒྱན་པའི། ། རྩེ་གསུམ་ཤིན་ཏུ་བརྟན་བྱས་ནས།། ཆོ་ག་ཤེས་པས་ནས་ཙམ་དུ།། བསམས་ནས་ལྟེ་བར་བསྒོམ་པར་བྱ།། ཀར་ནི་ཀཱར་སོགས་མེ་ཏོག་ཆེ།། སེར་པོ་འབར་བ་བསྒོམ་པར་བྱ།། བཅོམ་ལྡན་འདས་ཀུན་དུ་བཟང་པོས་དེ་སྐད




iiif viewer powered by OpenSeadragon

13b - 14b

Texts on this page

Q87 - 'phags pa gnyis su med pa mnyam pa nyid rnam par rgyal ba zhes bya ba'i rtog pa'i rgyal po chen po