e-texts navigator
Collection
Volume
Page
Wylie

11a1 ཚིག་ཤེས་པས་རང་གཟུགས་ནི།། དབུས་སུ་ཡང་དག་གནས་པསྒོམ་བྱ།། སངས་རྒྱས་གཟུགས་ནི་ཀུན་འབྱུང་བ།། ཤར་དུ་རྣམ་པར་བརྣམ་པར་བྱ།། !ནི་བཟླས་པ་ཞེས་བྱས་ནས།། རྣལ་འབྱོར་ཡང་དག་ཅ
11a2 པར་བྱ། ། ནུབ་ཏུ་ཆོས་འཆད་བྱས་ནས་ནི།། བྱང་དུ་འདོད་པ་འབྱུང་བའོ།། འཁོར་ལོ་ཡེ་ཤེས་རིགས་ཞེས་བརྗོད།། རལ་གྲི་ཆོས་ཀྱི་རིགས་ཞེས་དགོངས།། རྡོ་རྗེ་བསྡུས་པའི་རིགས་སུ་གྲགས།། རྩེ་གསུམ་འདོད་པའི་རིགས་སུ་བཤད། ནམ
11a3 མཁའི་ཁམས་ནི་ཀུན་གང་བར། ། བྱས་ནས་ཁྱབ་བདག་ཆོས་འཆད་པ།། ལག་ཏུ་རལ་གྲི་ཡང་དག་བསྐྱེད།། རང་གཟུགས་ཀྱིས་ནི་གཞོམ་པར་བྱ།། འདོད་མཆོད་ཀྱིས་ནི་འཇོམས་བྱས་ནས།། ཆོས་ཀྱི་དབྱིངས་ཀྱི་ཆོ་ག་རིག། ལག་ཏུ་མརུང
11a4 ནི་ཡང་དག་བསྐྱེད། ། རང་གཟུགས་ཀྱིས་ནི་ཕྱེ་མར་བརླག། གསལ་བའི་དཀྱིལ་འཁོར་ཚུལ་གྱིས་ནི།། ཡེ་ཤེས་རིགས་ནི་ཟློག་པར་བྱེད།། ཡེ་ཤེས་དཀྱིལ་འཁོར་ཚུལ་གྱིས་ནི།། བསྡུས་པའི་རིགས་ནི་རྣམ་ལྟུང་བྱེད།། ཆོས་ཀྱི་དཀྱིལ་འཁོར
11a5 ཚུལ་གྱིས་ནི། ། ཆོས་ཀྱི་རིགས་ནི་དེས་ལྟུང་བྱེད།། ཟླ་བའི་དཀྱིལ་འཁོར་ཚུལ་གྱིས་ནི།། ཆེན་པོའི་རིགས་ནི་ངེས་ལྟུང་བྱེད།། ཉི་མའི་དཀྱིལ་འཁོར་ཚུལ་གྱིས་ནི།། རིགས་ཀུན་ངེས་པར་ལྟུང་བར་བྱེད།། བཅོམ་ལྡན་འདས་རྡོ་རྗེ་འཆང་བས་དེ་སྐད
11a6 ཅེས་གསུངས་སོ། ། གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོར་ཆོས་ཀྱི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ཏེ་ལེའུ་བཞི་པ་རྫོགས་སྷོ།། །། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་དེ་རྣམས
11a7 ཐམས་ཅད་རང་གི་རྡོ་རྗེ་ཆེན་པོ་ལ་བཞག་ནས་ཡེ་ཤེས་ཀྱི་རིགས་ལས་སོགས་པ་ཅན་དེ་ལ། ། ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་རབ་ཏུ་བཅུག་ཅིང་བརྟན་པར་བྱས་ནས།། དཀྱིལ་འཁོར་ཆེན་པོ་དེ་རྣམསུ་རང་གི་གཟུགས་ཀྱི་རྣམ
11a8 པས་ཀུན་དུ་གནས་པ་དང་། གཟུགས་ཆེན་པོ་ལྷ་ཆེན་པོའི་ལྷའི་རྣམ་པས་ཡང་དག་པར་སྦྱར་ནས། འདོད་པའི་རིགས་ཀྱི་ཏིང་ངེ་འཛིན་འདི་གསུངས་སོ།། དཀྱིལ་འཁོར་ཆེན་པོའི་ཚུལ་ལས་ནི།། ཐམས་ཅད་དེ་བཞིན་ཁོ་ནར་བྱ།། ཆོག་ཤེས་པས




iiif viewer powered by OpenSeadragon

10b - 11b

Texts on this page

Q87 - 'phags pa gnyis su med pa mnyam pa nyid rnam par rgyal ba zhes bya ba'i rtog pa'i rgyal po chen po