| | e-texts navigator
|
49a1 ཡནྡ་དང་ར་ས་ནཱ་དང་ཨ་བཛྲ་ཏ་རྣམས་རྣམ་པར་སྤྱད་པ་ཡིས་ཐབས་གཅིག་དུ་མཉམ་པ་གང་གིས་ཤེས་པའི་ཚེ་རྡོ་རྗེ་ལ་དེའི་ལས་འདུས་པ་ལས་ཁྲག་ཅེས་བརྗོད་དོ། ། རབ་ཏུ་སྦྱོར་བའི་ལུས་ཞེས་བརྗོད་པ་དེན
49a2 མ་པར་སྤྱད་པ་མི་བཟོད་པ་གང་འདོད་པ་དེ་རབ་ཏུ་སྤོང་པའི་སུམ་མོ། ། རབ་ཏུ་སྦྱོར་བས་རྨོངས་པའི་ཕྱིར་རབ་ཏུ་སྦྱོར་བ་བྱས་པ་ཞེས་བརྗོད་དོ།། ལྷ་པོས་གསོལ་པ། ཆོས་གང་ལགས། ཆོས་ཀྱི་ཚོགས་པའི་གཏལ་བརྗོད་པ
49a3 གང་ལགས། མི་རྣམས་ཀྱི་བདེ་བ་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར་རམ། དོན་ཐོབ་པར་བྱ་བའི་ཕྱིར་རམ། ནད་མེད་པར་འདོད་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཡིན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིར་སྐྱེས
49a4 པའི་སེམས་ཅན་ཆོས་ཇི་ལྟར་སྤྱོད་ན་རིགས་མེད་པར་དེའི་དངོས་གྲུབ་ཇི་ལྟ་བར་བརྗོད་པར་བྱའོ། ། དངོས་གྲུབ་ཆེན་པོ་བརྒྱད་རྣམས་ནི་རལ་གྲི་དང་མིག་སྨན་དང་རི་ལུ་དང་རྐང་འགྱོགས་ཀྱི་དངོས་གྲུབ་དང་། གྲུབ་པའི་སྨན་དང་།
49a5 སྔགས་རྣམས་ལ་ངེས་པར་དངུལ་ཆུ་དང་བཅུད་ལེན་ཏེ། དངོས་གྲུབ་ཆེན་པོ་བརྒྱད་ཐོབ་ནས་དངོས་གྲུབ་གཞན་བརྟགས་ན། ཇི་ལྟ་བར་སེམས་ཅན་ནག་པོ་ཆེན་པོའི་རྒྱུད་པ་རྣམས་ཀྱིས་འགྲུབ་བོ།། འདིར་ཚོགས་པ་མེད་པར
49a6 ངེས་པའོ། ། ལྷ་མོས་གསོལ་པ། མིག་སྨན་དངོས་གྲུབ་འདི་ལས་འཇུག་པ་ལ་བཅིང་བྱ་བ་ཅིང་བྱེད་ཇི་ལྟར་ཕྲ་བར་བརྗོད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་པར་བསྲུང་བ་དང་རྨིག་པའི་སྒྲ་ལྟར་བརླག།
49a7 པ་ཇི་ལྟ་བར་སྦས་པ་དེའི་སྡོམ་པ་རྒྱས་པར་བརྗོད་དོ།། ལྷ་མོས་གསོལ་པོ། བཅོམ་ལྡན་འདས་རྡོ་རྗེའི་ལུས་ལ་རྩ་དུ་ལགས། དབུགས་འགྲོ་འོད་དང་སྐད་ཅནམ་དུ་ལེགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ།། རྩ་རྣམས
49a8 དེསམ་ཅུ་རྩ་གཉིས་སོ། ། དབུགས་འགྲོ་འོད་ནི་ཡོངས་སུ་བཅིང་བ་དང་། ལུས་ལས་སྐྱེས་པའི་དབུགས་བྱེར་འཐོན་པ་ནི་ཟླ་བ་དང་ཉི་མ་དག་གིས་བསྐྱོད་པའོ།། གྲངས་ཀྱི་བྱེ་བྲག་བརྗོད་པ་ནི་དྲུག་བརྒྱ་ལྷག་པའི་སྟོང
iiif viewer powered by OpenSeadragon
48b - 49b