e-texts navigator
Collection
Volume
Page
Wylie

48b1 ནག་པོ་ཆེན་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ།། དཔལ་དག་པོ་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལྷ་མོ་རྣམས་ཀྱིས་ཇི་ལྟར་ཐོབ་པ་དེ་བཞིན་བཞུགས་སོ།
48b2 ལྷ་པོས་གསོལ་པ། འཁོར་བའི་རྒྱལ་ཚོར་ལྡང་བའི་སེམས་ཅན་དེ་རྣམས་ཐབས་གང་གིས་གདོདན།། འཁོར་བ་ལྷ་གང་གིས་གང་ལས་གྲོལ་བར་བགྱི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གིས་བསྐྱེད
48b3 འི་རིམ་པ་དང་རྫོགས་པའི་རིམ་པ་སྦྱོར་བ་ལ་ཡེ་ཤེས་སུ་དེ་དག་བརྗོད་པར་བྱའོ། ། ལྷ་མོ་ལེགས་པར་ཉོན་ཅིག། བསྐྱེད་པའི་རིམ་པས་འགོག་པ་ལ་གནས་པ་དང་། དེའི་འབྲས་བུ་སྟེར་བའི་ཇི་ལྟ་བའི་ལམ་ཡང་དག
48b4 པར་འབྱུང་བར་བྱེད་པ་ལ་ངེས་པར་ཕྱག་རྒྱ་ལས་དབང་བསྐུར་བའི་བྱེ་བྲག་བྱའོ། ། རྒྱུ་བ་གཅོད་པ་ལ་སྤྱོད་པ་དེ་ལ་ཡོངས་སུ་བརྟག་པ་སྟེ། ནར་དང་སྦྱོར་བ་ལས་ཇི་ལྟར་ལམ་དང་ལྡན་པ་བསྐྱེད་པའི་རིམ་པའོ།། ལྷ་མོས
48b5 གསོལ་པ། ཀྱེ་བཅོམ་ལྡན་འདས་དགོས་པ་གང་གིས་རྡོ་རྗེ་སེམས་དཔའ་བསྐྱེད་པ་ཡིན། དེ་ལྟར་ན་སོ་སོའི་བུམ་པ་ལ་དགོས་པ་ཅི་ཡོད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་པ་ལ་ནི་དངོས་མེད་བཀག་པ་སྟེ།
48b6 རྡོ་རྗེ་དམ་མཁའ་ཡིན་པའོ།། ངེས་པར་བདག་མེད་པ་ཡིན་ཞིང་། བདེ་བ་སྐད་ཅིག་མའོ།། ཇི་ལྟར་ཚོགས་པ་མ་ལུས་པ་དང་། གྲོང་ཁྱེར་བ་དེ་ལྟར་སྐྱེས་པ་ལ་སྟོབས་ཀྱིས་འགོག་པ་ཡིས་བདེ་བ་རྒྱས་པ་འཆིང་བ་མེད་ན་ཇི་ལྟར་སྐྱེ།
48b7 ལྷ་མོས་གསོལ་པ། ཀྱེ་བཅོམ་ལྡན་འདས་ལུས་བསྟན་པའི་དགོས་པ་གང་ལགས།། ལམ་ལ་ཁྲག་དང་བྱང་ཆུབ་སེམས་འདུས་པ་ལས་གཟུགས་བརྙན་གྱིས་གྲོལ་བ་ལས་མེད་དམ། འབྲས་བུ་སྟེར་རམ་ལྟ་བའི་དོན་དུ
48b8 འདོད་ཆགས་ཀྱི་ཕྱིར་རབ་ཏུ་སྦྱོར་བར་བརྗོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་རྡོ་རྗེ་ཞེས་བརྗོད་པའོ།། ཇི་ལྟར་སྒྲུ་པར་སེམས་པས་ན་ར་དང་སྦྱོར་བ་བཞིན་དོ།། ལམ་འདུབ་པ་ལས་ཁྲག་གོ་ཞེས་པ་ནི།། ལ




iiif viewer powered by OpenSeadragon

48a - 49a

Texts on this page

Q79 - nag po chen po zhes bya ba'i rgyud kyi rgyal po