e-texts navigator
Collection
Volume
Page
Wylie

47b1 སྲིན་བྱའི་མགོ་ཅན་དང་། བྱང་དྲ་ཝའི་མགོ་ཅན་ནོ།། འཁོར་བའི་ཕྲར་བུ་བསྒྲུབ་དོན་དུ།། དབང་དང་བྱིན་བརླབས་ཞུ་བའི་ཕྱིར།། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ།། ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་།། རྟགས་དང་མཚནམ
47b2 བསྟན་པ་དང་། ཕུར་པའི་དངོས་གྲུབ་སྩལ་དུ་གསོལ།། དམ་ཚིག་ཆེན་པོའི་དུས་ལ་བབ།། སྤྲུལ་པ་ཆེན་པོའི་དུས་ལ་བབ།། ཕོ་ཉ་ཆེན་པོའི་དུས་ལ་བབ།། བདག་ཉིད་ཆེན་པོའི་དུས་ལ་བབ།། ས་བདག་ཆེན་མོའི་དུས་ལ་བབ།
47b3 ཁྱིའི་གདོང་ཅན་དུས་ལ་བབ།། བསྒྲལ་བར་བྱ་བའི་དུས་ལ་བབ།། བྱང་ཆུབ་དུ་ནི་སེམས་བསྐྱེད་ནས།། དུས་གསུམ་སངས་རྒྱས་སྲས་བཞིན་དུ།། རིགས་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིང་གདུག་པའི་དགྲ
47b4 བགེགས། ། བདུད་དང་བར་དུ་གཅོད་པ་རྣམས།། ཁྲོ་བོ་ཆེན་པོའི་བྱིན་བརླབས་ཀྱིས།། ཡུད་ཙམ་གྱིས་ནི་དེ་བཀུག་ནས།། མངོན་སྤྱོད་ཚུལ་གྱིས་བསྐལ་བ་དང་།། ལུས་ངག་ཕྱེ་མར་མཛད་ནས་ཀྱང་།། སྡུག་བསྔལ་ཉམས་སུ
47b5 མྱོང་བར་མཛོད། ། ཨོཾ་ལ་ཧཱ་ལ། སྟ་བྷཿ། མེ་ཧཱ་ག་ཏ་ཡ། བྷ་ག་ཝན། ཎཱ་ཤཱཥྚི་བྲཱི་གཱི་བཛྲ་ཧཱ་ཀར་ཧཱུཾ། ཨོཾ་བཛྲ་ཀི་ལ་ཀི་ལ་ཡ་ཛྲཿཧཱུཾ་བ་ཧོཿསརྦ་བི་གྷ་ནན། བཛྲ་ཀི་ལི་ཀཱི་ལ་ཡ་ཧཱུ~ཾ་ཕཊ། བགེགས་བྱེད་པ་ཡི་བདུད་རྣམས་དང་།
47b6 སྡུག་བསྔལ་སེམས་ལ་མཉམ་སྦྱོར་བ།། ཆེ་གེ་མོ་ཞེས་བྱ་བའི་བདུད།། ཟུང་ཅིག་རྡུངས་ཤིག་རྣམ་པར་ཆིངས།། གཏོགས་ཤིག་གྲོགས་དང་དབྱེ་བར་གྱིས།། རིང་ནས་ཁྲག་ལ་སྨ་རུ་ཆུག། ཐོབ་ཅིག་རྣམ་པར་གཟིར
47b7 བར་གྱིས། ། བདག་གི་དབང་དུ་བྱས་གྱུར་ནས།། བསྒོ་བའི་བཀའ་ཉན་ནུས་པར་གྱིས།། ཧཱུཾ་པ་ར་བིདྱཱཙྪིནྟཙྪིནྡྲ་ཧཱུཾ་ཕཊ། བིནྡྷ་བིནྡྷ་ཧཱུཾ་ཕཊ། གྲིཧྞ་གྲིཧྞ་ཧཱུཾ་ཕཊ། བནྡྷ་བནྡྷ་ཧཱུཾ་ཕཊ། ཏཱ་ཤེ་ཡ་ཏྲཱ་ཤ་ཡ་ཧཱུཾ་ཕཊ། ཧ་ས་ཡ་ར་ཧ་ས་ཡ་རི།
47b8 ཧྲིཿདཎྜ་ཧཱུ~ཾ་ཕཊ། ཤི་གྷྲ་ཨན་ཡ་ཧཱུཾ་ཕཊ། ཛྭ་ལཱ་བ་ལ། ཛྭ་ལཱ་བ་ཡ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བ~ཾ་ཤཾ་ཡ་ཧཱུ~ཾ་ཕཊ། བིནྡྷ་ཡ~ཾ་བིནྡྷ་ཡ་ཧཱུ~ཾ་ཕཊ། པོ་ཉ་བྲྀན་དང་བང་གི་བའི་ཚོགས།། ཁྱེད་ཀྱི་ཐུགས་དམ་དུས་ལ་བབ།། མངོན




iiif viewer powered by OpenSeadragon

47a - 48a

Texts on this page

Q78 - rdo rje phur pa rtsa ba'i rgyud kyi dum bu