| | e-texts navigator
|
45b1 འཚལ་ཏུ་རེ་འཇིགས་པ་ཆེན་མོ། ། བདུད་ཀྱི་དཔའ་བོ་རྣམ་པར་འཛེམས་མ།། ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད།། དགྲ་བོ་ཐམས་ཅད་མ་ལུས་གསོང་མ།། ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི
45b2 སེར་མེས་ཐུགས་ཀར་རྣམ་པར་བརྒྱན་མ། ། མ་ལུས་ཕྱོགས་ཀྱིས་འཁོར་ལོས་བརྒྱན་པའོ།། རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ།། ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའོ།། རབ་བརྒྱན་འོད་ཀྱི་ཕྲེང་བས་སྤེལ་མ།། བཞད
45b3 པ་རབ་བཞད་དུང་ཏཱ་རེ་ཡིས། ། བདུད་དང་འཇིག་རྟེན་དབང་དུ་མཛད་མ།། ཕྱག་འཚལ་ས་གའི་སྦྱོང་བའི་ཚོགས་རྣམས།། ཐམས་ཅད་འགུགས་པར་ནུས་མ་ཉིད་མ།། ཁྲོ་ག་ཉར་གཡོ་བའི་ཡི་གེ་ཧྭགས།། ཕོངས་པ་ཐམས་ཅད
45b4 རྣམ་པར་སྒྲོལ་མ། ། ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན།། བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ།། རལ་པའི་ཁྲོད་ན་འོད་དཔག་མེད་ལས།། རྟག་པར་ཤིན་ཏུ་འདི་ནི་མཛད་མ།། ཕྱག་འཚལ་བསྐལ་པའི་ཐམ་མེ་ལྟར།།
45b5 འབར་བའི་ཕྲེང་བའི་དབུས་ན་གནས་མ།། གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའོ།། དགྲའི་དཔུང་ནི་རྣམ་པར་འཇོམས་མ།། ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། མཐིལ་གྱིས་བསྟན་ཅིང་ཞབས་ཀྱིས་རྡང
45b6 མ། ། ཁྲེ་ག་ཅེར་ཅན་མཛད་ཡི་གེ་ཧཱ་གིས།། རིམ་པ་བདུན་པོ་རྣམས་ནི་འགེམས་མ།། ཕྱག་འཚལ་བདེ་མ་དགེ་པའི་མ།། མྱ་ངན་འདས་ནི་སྤྱོད་ཡུལ་ཉིད་མ།། སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས།། སྡིག་པོ་ཆེན་པོ་འཇོམས་པ་ཉིད
45b7 མ། ། ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི།། དགྲའི་ལུས་ནི་རབ་ཏུ་འགེས་མ།། ཡི་གེ་བཅུ་པའི་ངག་ནི་བཀོད་པས།། རིག་པ་ཧཱུ~ཾ་ལས་སྒྲོལ་མ་ཉིད་མཾ།། ཕྱག་འཚལ་ཏྲ་རེའི་འབས་ནི་བརྡབས་པས།། ཧཱཾ་གི་རྣམ་པའི།
45b8 ས་བོན་ཉིད་ས།། རི་རབ་མན་དཱ་ར་དང་འབིགས་བྱེད།། འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ།། ཕྱག་འཚལ་ལྷའི་མཚའ་རྣམ་པའི།། རི་དགས་རྟགས་ཅན་ཕྱག་ན་བསྣམས་མ།། ཏ་ར་གཉིས་བརྗོད་པཊ་ཀྱཻ་ཡི་གེས།། དུག་རྣམ
iiif viewer powered by OpenSeadragon
45a - 46a