| | e-texts navigator
|
45a1 མ་ཡིན་ཅི་ཡང་མེད། ། ཉམས་པ་སླར་ཡང་གསོ་བར་བསམ།། བཅོམ་ལྡན་འདས་འཕགས་པ་སྦྱན་རས་གཟིགས་དབང་ཐུག་གིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅ་དང་ལྡར་པའི་འཁོར་དེ་དག
45a2 ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སྒྲོལ་མ་ཀུ་རུ་ཀུལླེའི་རྟོག་པ་རྫོགས་སྷོ།། །། རྒྱ་གར་གྱི་མཁ
45a3 བཀྲྀ་ཥྞ་བཎ་ཊེ་ཏ་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ།། སྤྱན་ནི་སྐད
45a4 ཅིག་ཀློག་དང་འདྲ་མ། ། འཇིག་རྟེན་གསུམ་མགོན་རྐུ་སྐྱེས་ཞལ་གྱི།། གེ་སར་ཕྱེ་བའི་ལས་ནི་བྱུང་མ།། ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ།། གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ།། སྐར་མ་སྟོང་ཕྲག་ཚེགས་པ་རྣམོས་ཀྱིས།
45a5 རབ་ཏུ་ཕྱེ་བའི་འོད་རབ་འབར་མ།། ཕྱག་འཚལ་གསོརི་སྔོ་རྐུན་པ་སྐྱེས་ཀྱིས།། པད་མས་ཕྱག་ནི་རྣམ་པར་བརྒྱན་མ།། སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ།། བཟོད་པ་བསམ་གཏན་སྤྱོད་ཡུལ་ཉི་མ།། ཕྱག་འཚལ་དེ་བཞིན
45a6 གཤེགས་པའི་གཙུག་ཏོར་། ། དཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་པ།། མ་ལུས་ཕ་རོལ་བྱིན་པ་ཐོབ་པའོ།། རྟུལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ།། ཕྱག་འཚལ་ཏུ་དཱ་ར་དྲཱ་ཡི་གེས།། འདོད་དང་ཕྱོགས་དང་ནམ་མཁའ་བ
45a7 མ། ། འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ།། ལུས་པ་མེད་པར་འགུགས་པར་ནུས་མ།། ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ།། རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆེད་མ།། འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་།། གནོད་སྦྱིན
45a8 ཚེགས་ཀྱིས་མདུན་ནས་བསྟོད་མ། ། ཕྱག་འཚལ་ཏྲཏ་ཅེས་བྱ་དང་ཕཊ་ཀྱིས།། ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ།། གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ།། མོ་འབར་འཁྲུགས་པ་ཤིན་ཏུ་འབར་མ།། ཕྱོག
iiif viewer powered by OpenSeadragon
44b - 45b