e-texts navigator
Collection
Volume
Page
Wylie

320a1 དེ་བཞིན་བཟའ་དང་བཏུང་བྱས་ནས།། སེམས་ཅན་ཐམས་ཅད་དབང་དུ་བྱེད།། འདི་ལ་ཁྲུས་དང་གཙང་སྦྲ་མེད་དེ་མཆོད་ཕྱིའི་ཐོགས་པའང་མེད།། དཀྱིལ་འཁོར་སྦྱིན་བསྲེག་མེད་དེ་དུས་དང་གཟའ།
320a2 ཚེས་མེད།། གཏོར་མ་ལས་སོགས་བྱ་བར་བྱ་བ་མེད་དེ་མཆོག་དང་པོ།། རྡོ་རྗེ་སེམས་དཔའི་སྒྲུབ་པ་ཡང་དག་པ་འདི་ཉིད་ཡིན་དེ་བཙོན་པར་བྱ།། དེ་ནས་མཁའ་འགྲོ་དེ་དག་ཐམས་ཅད་རབ་ཏུ་དགའ་ནས་བཅོམ་ལྡན
320a3 འདས་རྡོ་རྗེ་འཛིན་ཆེན་པོ་ལ་ལེགས་སོ་ཞེས་གསོལ་ཏེ། ལེགས་སོ་ལེགས་སོ་བདེ་བྱེད་ཆེ།། ལེགས་སོ་ལེགས་སོ་ཡེ་ཤེས་ཆེ།། ལེགས་སོ་ལེགས་སོ་བདེ་བ་ཆེ།། ལེགས་སོ་ལེགས་སོ་སྣ་ཚོགས་ཆེ།
320a4 ལེགས་སོ་ལེགས་སོ་དགྱེས་པ་ཆེ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་ཐུགས་རྗེས་ཆེན་པོའི་ཐུགས་རང་གིས་ཐུགས་ཡང་དག་པ་ལ་དམིགས་ནས་ཅང་མི་གསུང་བར་བཞུགས་སོ།། དཔལ་རྡོ་རྗེ
320a5 སྙིང་པོ་རྒྱན་གྱི་རྒྱུད་རྣལ་འབྱོར་ཆེན་པོ་འདི་ཁོ་ན་ཉིད་ངེས་པ་ཞེས་བྱ་བ་དཔལ་ཨུརྱ་ནི་གསང་བའི་དགོན་པ་ནས་བྱུང་བ་རྫོགས་སྷོ། ། རྒྱ་གར་གྱིས་མཁན་པོ་ཀ་མ་ལ་ཀུཊ་ཏ་དང་། འོད་ཀྱི་ལོ་ཙྪ་བ་ཆེན་པོ་མདའ
320a6 བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་བཏན་ལ་བབ་བ། ཡེ་དྷམཱ་ཧེ་ཏ་པྲ་བྷ་ཝ་ཧེ་ཏུན་ཏེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཙུ་ཡོན་དྷ་ཨེ་བ་པཱ་དཱི་མ་ཧཱ་པྲ་མ་ཎ།།




iiif viewer powered by OpenSeadragon

-

Texts on this page

Q86 - dpal rdo rje snying po rgyan gyi rgyud ces bya ba