| | e-texts navigator
|
30b1 ཐམས་ཅད་འབྱིན་པ་དང་། ། སྡུད་པ་དང་ནི་ཡང་དང་ཡང་།། ནམ་མཁའི་གོ་འཕང་དེར་འགྲོ་སྟེ།། དྲན་པ་འདི་ལ་ཐེ་ཚོམ་མེད།། སེམས་དང་སེམས་པང་སྦྱོར་བ་ནི།། སེམས་ནི་སེམས་མེད་ལྷ་ངེས་མཐོང་།། སེ་རྭ་ནི་སེམས་མ་ལ་ཐི་མན?།
30b2 རབ་འདུག་ལས་སྐྱེས་པ་རྣམས་ལ།། ནང་བཅས་ནད་མེད་པ་དང་ནི།། ནང་མེང་དེ་བཞིན་ནང་བཅས་བྱེད།། ཞགས་པ་ལྕགས་ཀྱུ་འཛིན་པའི་མཆོག། སྔགས་ཀྱི་རྒྱལ་པོའི་དབང་པོས་སོ།། གཞན་དུ་བྱིས་པ་རྨོངས་པ་ཡིས།
30b3 ཟླ་བ་འཛིན་པར་འདོད་པ་བཞིན།། གང་ཞིག་རང་བཞིན་སྦྱོར་བྲལ་བས།། ལས་རྣམས་བསྒྲུབ་པ་དེ་མཆོག་པར།། གང་གིས་གས་གསུམ་གནས་སྐབས་གས་མ།། འཇིག་རྟེར་མགོན་པོ་ཉིད་རིག་ནས།། ཆུ་འཛིན་བྲལ་བའི
30b4 ནམ་མཁའ་བཞིན། ། འཇིག་རྟེན་མགོན་པོའི་གོ་འཕང་འགྲོ།། ཞེས་པ་ནི་དཔལ་པད་མ་འབར་བའི་རྒྱུད་རིན་པོ་ལས་ཕྱུང་བ་རིགས་ཀྱི་འཇིག་རྟེན་མགོན་པའི་ལྔ་བཅུ་པ།། རྫོགས་སོ།། ། པ་ཎ་ཌི་ཏ་ཆེན་པོ
30b5 པ་ལ་ཤྲཱི་བྷ་དྲའི་ཞལ་སྔ་རས། ། བྱང་ཆུབ་རིན་ཆེན་གྱིས་བསྐུལ་ནས། ཤུད་ཀ་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱེའི་གཙུག་ལག་ཁང་ཆེན་པོར་བསྒྱུར་བའོ།། 6།། རྒྱ་གར་སྐད་དུ། ཨཱརྱ
30b6 ཏཱ་ར་ཀུ་རུ་ཀུལླེ་ཀ་ལ་པ། བོད་སྐད་དུ། འཕགས་མ་སྒྲོལ་མ་ཀུ་རུ་ཀུལླེའི་རྟོག་པ།། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། འཕགས་མ་ལྷ་པོ་སྒྲོལ་མ་ལ་ཕྱག་འཚལ་ལོ།། སྒྲོལ་མ
30b7 འབྱུང་བའི་རྣལ་འབྱོར་རྒྱ་མཚོའི་རྒྱུད། ། གཞུང་དང་རྟོག་པ་ཉམས་ཤིང་ནུབ་པར་གྱུར་ནས་ཡང་།། སྒྲོལ་མ་འབྱུང་བའི་ཏིང་ངེ་འཛིན་ཞེས་བྱ་རྒྱུད་ཀྱི་གཙོ།། དེ་ཡང་ནུབ་པར་གྱུར་ནས་རྟོག་པ་འདི་ཡང་འབྱུང་།། སེམས
30b8 ཅན་མང་པོའི་དོན་དུ་རྣལ་འབྱོར་པ། ། རྒྱས་པར་བསྟན་པའི་རྒྱུད་ལས་བསྡུས་བྱས་ནས།། རྟོག་པ་འདི་ནི་འཇིག་རྟེན་དབང་ཕྱུག་གསུངས།། བྱང་ཆུབ་སེམས་དཔའ་ཐམས་ཅད་མཉན་པར་བགྱིས།། འཇིག་རྟེན
iiif viewer powered by OpenSeadragon
30a - 31a