| | e-texts navigator
|
30a1 ཀྱིས། ། དེ་ལས་ལྤགས་ཀ་བསྡམ་ནས་ནི།། ཞགས་པ་ཡིས་ནི་འགུགས་པར་བྱེད།། རྣམ་པར་མོས་ཤིང་ལུས་ནི་དམར།། ཡང་དང་ཡང་དུ་བརྒྱལ་གྱུར་ཏེ།། བུག་སྒོ་དཀུནས་བསྟན་ནས།། ཁྲག་ནི་རབ་ཏུ་འབས
30a2 པར་བྱེད། ། སྒྲིབ་པ་མེད་པ་དང་མཚུངས་པར།། རང་ལུས་རྣམ་པར་བལྟ་བར་བྱ།། དེ་ཡི་དབུས་ལས་བཞེངས་པའི་སྔགས།། ཡི་གེའི་དབང་པོ་དང་པོར་བསམ།། འབར་ཞིང་འབར་བ་ལྟ་བུ་ཡི།། ཁ་ཡི་སྒོ་རུ་སྔོན་འདོད་རོལ།
30a3 པད་མོའི་གཟུགས་འཛིན་དེ་ཡང་ནི།། ཡི་ནང་ནས་ངེས་པར་འབྱུང་།། བསྒྲུབ་བྱོའི་ཁ་རུ་བྲི་མ་གྱུར་ཏེ།། ཇི་སྲིད་དེ་སྙིང་ཆུ་སྐྱེས་ལ།། གང་ཞིག་དེ་ཡི་སྙིང་གནས་པ།། འདིར་ནི་དེའི་སྙིང་ཀུན་ནས་ཕྲོགས།། མེར་མིང་པོར་ནི་བླངས
30a4 པ་ཡིས། ། སྒྲོལ་མའི་གཟུགས་བཞིན་ཡིད་འཕྲོག་པ།། དེ་ནི་གསུམ་པས་ཆོ་ག་བཞིན།། རླུང་གི་ལོ་མ་གཡོ་བ་ལྟར།། རང་གི་ཁྱིམ་དུ་ཐིམ་པར་བསྒོམ།། གཅིག་གི་ངོ་བོར་གྱུར་པ་མཆོག། ལྷ་དང་ལྷ་ཡི་སྒྲུབ་པའི་ཐབས།།
30a5 མཚན་མོ་མདུན་དུ་བསྒྲུབ་པར་བྱ།། བྲན་གྱི་ངོ་བོས་འཇུག་འགྱུར་ཞིང་།། འཚེ་བ་དང་ནི་ནོར་གྱིས་ཀྱང་།། ས་སྟེངས་འཇིག་རྟེན་སླར་ཅི་སྨོས།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། སྔགས་ཀྱི་དབང་པོ་སྒྲུབ་པ་པོས།། རང་དབང་མེད
30a6 རྣམས་སྦྱར་མི་བྱ། ། སྔགས་ཀྱི་རྒྱལ་དབང་བཟླས་བྱས་པས།། རྒྱལ་སྲིད་སྒྲུབ་པ་དེ་མཆོག་གོ། གཞན་དུ་གང་གིས་རབ་བསྒྲུབས་ན།། བུད་མེད་འདོད་པས་ལོང་བཞིན་མྱོས།། གལ་ཏེ་ལྷའི་བུ་མོ་ཡང་།། དེ་ཡི་སྐད་ཅིག་ཉིད
30a7 ལམ་རོ། ། རིགས་ཀྱི་འཇིག་རྟེན་མགོན་པོའི་ལྔ་བཅུ་པ་ལས་ལྷའི་དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་གསུམ་པའོ།། །། འཇིག་རྟེན་དབང་ཕྱུག་སྙིང་པོ་མཆོག། སྨྲ་ཞིང་སྲོག་བཞིན་ཡང་དག་བསྲུང་།། དམ་ཚིག་སྤྱོད་པ་དམན
30a8 པས་ཀྱང་། ། འདྲེན་པའི་བདག་ཉིད་སྔགས་བཟླས་བྱ།། གཅིག་པུ་གྲོགས་དང་བྲལ་བྱས་ཏེ།། བློ་དང་ལྡན་པས་འབུམ་དུ་བཟླས།། དེ་ཡི་མངོན་སུམ་འོད་འགྱུར་ཏེ།། འཁོར་ལོ་གསུམ་དུ་ལེགས་འགྲོ་མཆོག། འཇིག་རྟེན
iiif viewer powered by OpenSeadragon
29b - 30b