| | e-texts navigator
|
307b1 བོབ་ནས་ངོ་མཚར་སྐྱེས་པར་གྱུར་ཏེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། ཀྱེ་མའོ་སངས་རྒྱས་ཀྱེ་མའོ་དག། ཀྱེ་མའོ་ཆོས་ནི་བསྟན་པ་རྣམས།། བདག་མེད་ཆོས་ལས་ལེགས་བྱུང་བ།། བྱང་ཆུབ་སེམས་ཁྱོད་ཕྱག་འཚལ་ལ།
307b2 བྱང་ཆུབ་སེམས་ཀྱི་བསྒོམ་པ་ཡི།། མི་གཡོ་ཡི་གེ་ལས་བྱུང་ཞིང་།། རྨིལ་མ་ལ་སོགས་མ་སྐྱེས་པ།། བྱང་ཆུབ་སེམས་ཁྱོད་ཕྱག་འཚལ་ལོ།། གནས་དང་སྟན་ནི་རྣམ་བསམས་ཏེ།། སེམས་པའི་དཀྱིལ་མོ་བཀྲུང་བཅས་ནཔ།། དང་པོར
307b3 རང་བཞིན་དག་གའོས། ། དག་པའི་ཆོས་ཀྱི་ཚུལ་ལ་གནས།། ཡིད་ཀྱིས་ཧཱུཾ་བྱས་རྡོ་རྗེ་ཅན།། རྡོ་རྗེ་སེམས་པས་བྱིན་གྱིས་བརྣབས།། རིན་ཆེན་ལུས་མུ་ང་རྒྱལ་བྱ།། ལག་པ་བསྟོད་དེ་བསྐོར་བ་ན།། ལྕགས་ཀྱུ་ཡིས་ནི་སྤྱད་ཡང་དང་།།
307b4 བྱོར་ནས་དྲང་པོར་ཕྱོགས་བཅིང་སྟེ།། དམ་ཚིག་མཆོག་ཀྱང་དབུལ་བར་བྱ།། གདན་རྣམས་སོ་སོར་ཕུལ་ནས་སུ།། མཆོད་ཡོན་འབུལ་བའི་སྦྱོར་བ་བྱ།། དབང་བསྐུར་མཚོན་ཆ་གོ་ཆ་སོགས།། སིལ་སྙན་མཆོད་སོགས་ངོ་བོ་བྱ།།
307b5 རྣམ་པ་ཀུན་གྱིས་མཉེས་བྱ་བ།། རྣལ་འབྱོར་བདག་ཉིད་ཅན་གྱིས་བདག། རྣལ་འབྱོར་ནམ་གསུམ་ཤེས་བྱ་སྟེ།། བྱིན་གྱིས་བརླབས་དང་ཡོངས་བརྟགས་དང་།། གཟུགས་ཉིད་ཡོངས་སུ་རྫོགས་པ་དག། རྣལ་འབྱོར་ཡིན་ཞེས
307b6 སངས་རྒྱས་གསུངས། ། སྔགས་ཀྱི་བྱིན་བརླབས་ང་རྒྱལ་བསྐྱེད།། རྣལ་འབྱོར་བྱིན་བརླབས་ཡིན་པར་གསུངས།། བྱང་ཆུབ་སེམས་ནི་དག་པ་དང་།། གསང་སྔགས་ས་བོན་སྐྱེ་བ་ཆེ།། ཕྱག་རྒྱ་ཚོགས་སུ་བརྟག་པ་ཡི།། རིམ་གྱིས
307b7 གཟུགས་ཀྱིས་རྫོགས་བྱ་བ། ། དེ་ནི་བརྟག་པས་བརྗོད་པ་སྟེ།། རྣལ་འབྱོར་ཆོ་ག་ཡིན་པར་གསུངས།། བསྡུ་དང་སྤྲོ་བར་བྱ་བ་ལས།། རྣམ་པའི་མཆོག་ཀུན་ལྡན་པ་དང་།། སྐད་ཅིག་ཡེ་ཤེས་ཀྱི་རྫོགས་པ།། རྫོགས་པའི་རྣལ་འབྱོར་ཞེས
307b8 བརྗོད་དོ། ། དང་པོར་དམ་ཚིག་བྱིན་བརླབས་པར།། རྣལ་འབྱོར་རིག་པ་དག་གིས་བརྟག། རབ་ཏུ་རྫོགས་པར་བྱ་བ་དག། འདི་ནི་རྣལ་འབྱོར་ཚེ་གར་བཤད།། ཉོན་མོངས་དྲི་མར་བཅས་པའི་སེམས།། བྱང་ཆུབ་སེམས་ཀྱིས་དག་བྱ་སྟེ།
iiif viewer powered by OpenSeadragon
307a - 308a