e-texts navigator
Collection
Volume
Page
Wylie

307a1 ནས། བྱང་ཆུབ་ཀྱི་སེམས་འདི་གསུང་ངོ་།། དངོས་པོ་འདི་དག་མ་སྐྱེས་ཏེ།། ཆོས་ཅན་མེད་ཅིང་ཆོས་ཉིད་མེད།། ནམ་མཁའ་བཞིན་དུ་དམིགས་མེད་པའི།། བྱང་ཆུབ་སེམས་ནི་བསྟན་པ་ཡིན།། བཅོམ་ལྡན་འདས
307a2 དེ་བཞིན་གཤེགས་པ་རྡོ་རྗེ་མི་འཁྲུགས་པ་གསུངས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་དམིགས་སུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ
307a3 སྙོམས་པར་བཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུང་ངོ་། ། དངོས་པོ་འདི་དག་དངོས་མེད་དེ།། ཆོས་ཀྱི་མཚན་ཉིད་སྤངས་པ་ཡིན།། བདག་མེད་ཆོས་ལས་ལེགས་བྱུང་བའི།། བྱང་ཆུབ་སེམས་ནི་བསྟན་པ་ཡིན།། ཞེས
307a4 བཅོམ་ལྡན་འདས་རིན་ཆེན་ཏོག་གིས་གསུངས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱིས་རྡོ་རྗེ་མེ་ལྕེ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི
307a5 གསུངས་སོ། ། དངོས་པོ་སྐྱེ་བ་མེད་པ་སྟེ།། དངོས་པོ་ངོ་བོ་ཡོད་མིན་པས།། ནམ་མཁའི་གོ་འཕང་ཐོབ་བོ་ཞེས།། དངོས་རྣམས་རབ་ཏུ་བརྗོད་པ་ཡིན།། ཞེས་བཅོམ་ལྡན་འདས་འོད་དཔག་མེད་ཀྱིས་གསུངས་སོ།། དེ་ནས་བཅོམ་ལྡན་འདས
307a6 དེ་བཞིརན་གཤེགས་པ་དོན་ཡོད་གྲུབ་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་མའི་ཡང་བླ་མའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཆོས་རྣམས་རང་བཞིན་འདོགས་པ།
307a7 བ། གཟོད་ནས་དག་ཅིང་རྙོག་པ་མེད།། སེམས་ཅན་མེད་ཅིང་སྲོག་ཀྱང་མེད།། སངས་རྒྱས་ཉིད་དང་བྱང་ཆུབ་མེད།། རྨི་ལམ་སྒྱུ་མ་ལྟར་སྣང་བའི།། བྱང་ཆུབ་སེམས་ནི་བསྟན་པ་ཡིན།། ཞེས་བཅོམ་ལྡན་འདས་དོན་ཡོད་གྲུབ་ཀྱིས
307a8 གསུངས་སོ། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ




iiif viewer powered by OpenSeadragon

306b - 307b

Texts on this page

Q86 - dpal rdo rje snying po rgyan gyi rgyud ces bya ba
Q114 - thams cad gsang ba zhes bya ba rgyud kyi rgyal po