e-texts navigator
Collection
Volume
Page
Wylie

306a1 རྣ་བའི་རྣམ་ཤེས་དེ་བཞིན་འགྱུར།། ནམ་མཁའི་སྙིང་པོ་བདག་ཉིད་ཆེ།། སྣ་ཡི་རྣམ་ཤེས་སྦྱོར་བས་ན།། སངས་རྒྱས་ཤངས་ནི་བདག་ཉིད་ཤེས།། དེ་ཡང་དེ་ཡི་ངོ་བོར་འགྱུར།། འཇིག་རྟེན་དབང་པོའི་རིམ་ཆགས།
306a2 པ།། རྡོ་རྗེ་ལྕེ་ཡི་སྦྱོར་བས་སུ།། རོ་ཡི་དངོས་པོ་མྱོང་བ་དེས།། སྐད་ཅིག་གཅིག་ལ་དེ་རུ་འགྱུར།། བློ་ལྡན་སྒྲིབ་པ་ཐམས་ཅད་ནི།། རྣམ་པར་སེལ་བའི་མིང་དང་ལྡན།། ཉོན་མོངས་ཐམས་ཅད་རྣམ་པར་སེལ།། ཉེ་བའི་ཉོན་མོངས་པ
306a3 ཡང་འཇིགས། ། མེ་ལོང་གིས་ནི་རྣམ་པ་ལྟར།། རྟེན་པའི་ཚུལ་གྱིས་འབྱུང་བ་ནི།། གཟུགས་བརྙན་གྱི་ནི་སྦྱོར་བས་སུ།། སྐད་ཅིག་གིས་ནི་དེ་རུ་འགྱུར།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ།། རྣམ་པ་བཅུ་དང་དྲུག་ཏུ་ཡང་།། སྦྱོར་བ
306a4 དེ་ནི་བྱིན་བརླབས་ནས། ། སྔགས་པས་དེ་ནི་སེམས་ལ་བཞུགས།། ཁྲོ་བོ་ལྕགས་ཀྱུ་དཔུང་པ་ཡིས།། ཞགས་པ་ལྟ་བུ་གཉིས་པའོ།། ལུ་གུ་རྒྱུད་ཀྱི་ཁ་སྤྲད་གསུམ།། རྒྱལ་མཚན་གཞུག་པར་ཁྱབ་པར་བཞག། དེ་ལྟར་དོན
306a5 རྣམས་རབ་ཏུ་ཞུགས། ། སངས་རྒྱས་ཀུན་གྱི་ངོ་བོར་བདག། རྡོ་རྗེ་ཕྱག་རྒྱ་དང་ལྡན་པ།། གཡོན་པ་དྲིལ་བསྣམས་སྟ་ཟུར་བརྟེན།། རྡོ་རྗེ་སེམས་དཔའ་དེ་གནས་འགྱུར།། རྣལ་འབྱོར་ཆེན་པོ་དཀར་པོའི་གཟུགས།།
306a6 དཀར་དང་མཐིང་ཁ་དམར་པོའི་དབུ། སྟོང་ཉིད་ལ་སོགས་བདག་སྦྱོར་བ།། རྡོ་རྗེ་སེམས་དཔའ་ཞེས་སུ་སྨྲ།། རྡོ་རྗེ་ཕྱག་རྒྱ་རྗེས་སུ་ཆགས་པ་ལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་བ་ཨཱ་ད་མ་ཀོ་ཧཾ།
306a7 སངས་རྒྱས་མཆོད་པ་ལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨ་མ་ཀོ་ཧ།། རང་གི་དཀྱིལ་འཁོར་སྔ་མ་བཞིན།། མདུན་དུ་བསམ་ནས་ནམ་མཁའ་ལ།། ཁྱབ་པའི་སྦྱོར་བས་གཅིག་བྱས་ཏེ།། དཀྱིལ་འཁོར་སྔ་མ
306a8 བཞིན་བསམས་བཟླས། ། བཅོམ་ལྡན་མི་མཉེས་གཞུག་ཅིང་བཞུགས།། རྡོ་རྗེ་ཕྱག་རྒྱ་ཐུགས་ཁང་བསྡམས།། གཡས་པར་འཁོར་ལོ་རིན་པོ་ཆེ།། པད་མ་རལ་གྲི་གཡོན་པའོ།། དེ་ཉིད་གསུམ་གྱི་ཚུལ་གྱིས་ནི།། ཅི




iiif viewer powered by OpenSeadragon

305b - 306b

Texts on this page

Q86 - dpal rdo rje snying po rgyan gyi rgyud ces bya ba
Q114 - thams cad gsang ba zhes bya ba rgyud kyi rgyal po