| | e-texts navigator
|
29b1 སྡེར། ། དེ་བཞིན་དག་དེ་ར་སར་བྱེད།། དབང་དང་དགུག་པའི་དེ་ཉིད་ལ།། སྐུ་མདོག་དམར་པོ་རྣམ་པར་བསམ།། དུ་བ་དམར་པོའི་འོད་མདོག་ཅན།། རླུང་གི་དཀྱིལ་འཁོར་གྱིས་བཀྲས་པས།། དགྲ་བོ་རྣམས་ནི་ཉེར་སྐྲོད་པ།། འདིར་ནི
29b2 ཐེ་ཚོམ་མེད་པར་བྱེད། ། དུ་བསྐྱ་པོ་དམར་བ་ཡིས།། རྣམ་པར་ཞེ་སྡང་ངེས་སྦྱོར་བ།། གསད་པ་ལ་ནི་ཁ་དོག་གནག། རེངས་པ་ལ་ནི་སེར་པོར་ཤིས།། ལུག་གི་སྟེང་དུ་གནས་པ་ལ།། རྐན་གྱི་བར་དུ་རྣམ་ཕུག་ན།། སྲེད
29b3 པ་གསུམ་དུ་གང་གང་གནས། ། ཐམས་ཅད་རབ་ཏུ་རྨོངས་པར་བྱེད།། གཞན་དག་རྨོངས་པས་ཅི་ཞིག་བྱ།། དོན་མེད་ཚིག་ནི་རབ་འདུས་པ།། འཇིག་རྟེན་གསུམ་གྱི་ལས་རྣམས་ནི།། ཡོན་ཏན་བརྒྱད་དང་ལྡན་པ་ཡི།། རྒྱུད
29b4 གཞན་རྣམས་ལ་ཉེར་སྤྱོད་པ། ། གསུངས་དང་མ་གསུངས་གྱུར་པ་ནི།། རང་བཞིན་བསམ་གཏན་སྦྱོར་བ་ཡིས།། བྱ་བ་འདི་ལ་ཐེ་ཚོམ་མེད།། གང་ཞིག་ལྷ་ནི་ནམ་མཁའ་མཚུངས།། ཁ་དོག་དབྱེ་བས་སོ་སོ་སྟེ།། འཇིག
29b5 རྟེན་གསུམ་ན་གང་སྤྱོད་པའི། ། ལས་རྣམས་ཐམས་ཅད་བྱ་བའོ།། བསྐལ་བཟང་བྱེད་པའི་སྔགས་རྣམས་ནི།། སྙིང་ཁའི་ཆུ་སྐྱེས་དབུས་སོང་བ།། སྙིང་ཁའི་ཆུ་སྐྱེས་སྦྱོར་བ་ཡིས།། དབང་ལ་སོགས་པ་ཡང་དག་བསྒྲུབ།། ཡི་གེ
29b6 གསུམ་དང་བཅས་པའི་ལྷ། ། སྟེང་དུ་འགྲོ་བ་གསུམ་ལྡན་པས།། མི་རྣམས་ལས་ནི་རྟག་བསྒྲུབ་པ།། རྣལ་འབྱོར་མ་རྣམས་ཞལ་ན་གནས།། རྣམ་པ་གསུམ་ནི་འགུགས་པར་བྱེད།། པད་མ་གཟུགས་ལྡན་གྱུར་པས་མཛེས།།
29b7 རྟག་སྦྱོར་རྒྱུན་ཏུརྣལ་འབྱོར་པས།། མར་མེ་གཡོ་མེད་གནས་པ་བཞིན།། སྔོན་གསུངས་ལྷ་ཡི་ལྷ་དབང་ཕྱུག། སྐྱ་རེང་དམར་པོ་དང་མཚུངས་འོད།། མཚན་མོ་ཕྱེད་ཀྱི་དུས་གནས་ལ།། རྣལ་འབྱོར་ཉིད་ནི་ཡང་དག་སྤྱད།
29b8 དེ་ཡི་གཟུགས་འཛིན་ལུས་ལ་ནི།། ཡང་དག་སྔོན་དུ་བཀོད་པ་ཡིས།། ཞགས་པ་ལྕགས་ཀྱུ་འཛིན་པའི་ལྷ།། བསྒྲུབ་བྱའི་ལུས་ལ་ཡང་དག་བླང་།། ཐམས་ཅད་བླ་མའི་ཞལ་ལ་གནས།། ཞགས་པ་ལྕགས་ཀྱུའི་འོད་ཟེར
iiif viewer powered by OpenSeadragon
29a - 30a