e-texts navigator
Collection
Volume
Page
Wylie

27b1 ནི་ཡང་ཞུས་ཏེ། ། བཅོམ་ལྡན་རྡོ་རྗེ་ཕྲ་མོ་ནི།། སེམས་ཅན་ཀུན་གྱི་ཡིད་ལ་གནས།། ཅི་ལྟར་རྣམ་པ་གང་གིས་ནི།། དེ་བཞིན་ཉིད་དེ་ཐོབ་པར་བགྱི།། དེ་ནས་བཅོམ་ལྡན་རྡོ་རྗེ་ཅན།། རྡོ་རྗེ་བདུད་རྩི་བདེ་ཆེན་པོས།། གནང་བ་མཛད་ནས
27b2 གསུང་འདི་ནི། ། སྤྱར་ཡང་ཕྱེ་ནས་བཀའ་སྩལ་པ། དེ་ཉིད་སྔོན་བཞིན་བཤད་པ་སྟེ།། བདུད་རྩི་གཟུགས་ནི་ཁུ་བ་ཡིན། བདུད་རྩི་ལྔ་དང་ལྔར་བྱས་ཏེ།། རྟག་པར་རྒྱུན་ཏུ་མྱང་བར་བྱ།། རྫས
27b3 རེ་རེའི་མཐུ་དག་ནི། ། བཤད་པ་ཉོན་ཅིག་མཱ་མ་ཀཱི།། ཡེ་ཤེས་ཤེས་བྱ་སྒྲུབ་བྱེད་པའི།། བ་དངས་པར་བཟའ་བར་བྱ།། སྐུ་གསུང་ཐུགས་ཀྱི་བསྒྲུབ་དོན་ཏུ།། བྲག་ཆེན་རབ་ཏུ་བསྒྲུབ་བྱ་སྟེ།། གང་ཤི་བུད་མེད་རྣམས་ཀྱི
27b4 འམ། ། བུ་མོ་ཡི་ནི་རྟག་ཏུ་བླང་།། ཁྲག་ཆེན་དེས་ནི་མཱ་མ་ཀཱི།། དོན་ནི་ཐམས་ཅད་བྱེད་པ་པོ།། དྲག་ཤུལ་ཤི་བ་རྙེད་ན་ནི།། ཤ་ཆེན་པོ་ཡང་བཟ་བྱ་སྟེ།། གསལ་ཞིང་བཙུགས་དང་འགེགས་པ་འམ།། གཡུལ་དུ་བ
27b5 པ་གང་དེ་ནི། ། ཟབ་ཅིང་བསྟན་པས་ཟ་བྱེད་ན།། ཚེ་དང་ནད་མེད་འཕེལ་བར་འགྱུར།། དེ་བཞིན་འདོད་པའི་བདེ་བ་དང་།། སངས་རྒྱས་བྱང་ཆུབ་གྲུབ་པ་དང་།། རྡོ་རྗེ་སེམས་དཔའ་བཞིན་དུ་འོ།། འདོད་ཀུན་འབྲས་བུ་དེས་སྦྱིན
27b6 དོ། ། རྡོ་རྗེ་ཆུ་དང་བཤང་གཅི་ནི།། རང་གིས་བཟའ་བར་རིག་པར་བྱ།། ཕྱེ་མ་ཞིབ་མོར་བྱས་པ་ལ།། ཁྲག་ཆེན་གྱིས་ནི་བསྲེ་བར་བྱ།། སྔ་དྲོ་དེ་བཞིན་ཉིན་ཕྱེད་དང་།། ཕྱི་དྲོལ་ནི་བཟའ་བར་བྱ།། དུས་གསུམ་ཟོས་ནས་རྡལ
27b7 འབྱོར་པས། ། དེན་པ་རྡོ་རྗེ་ཆུ་ནི་བཏུང་།། ཉིན་དང་ཉིན་དུ་མཱ་མ་ཀཱི།། བསྡེབ་པ་པོ་གང་སྒྲུབ་བྱེད་པ།། ལུས་ལ་ནད་ནི་མེད་འགྱུར་ཞིང་།། རྒས་པའི་ནང་ཀྱང་མེད་པར་བྱེད།། བསྐལ་བཟང་རྒྱས་པའི་མདངས་ལྡན་པ།། རྒྱལ་པོ
27b8 སྒོར་ཡང་རྒྱལ་བར་འདྲེན། ། དེ་ན་འདོད་པ་ཀུན་སྦྱིན་པས།། མཆོག་རབ་དེ་ཉིད་ཐོབ་པ་ཡོན།། རྣལ་འབྱོར་དེ་ཡང་ཀུན་ཤེས་ཏེ།། རྡོ་རྗེ་སེམས་དཔའི་ཡོན་ཏན་ལྡན།། འདོད་ཆགས་ཞེ་སྡང་ལས་གྲོལ་ནས།། བརྐམ་པ་ཕྲག




iiif viewer powered by OpenSeadragon

27a - 28a

Texts on this page

Q74 - rdo rje bdud rtsi'i rgyud