e-texts navigator
Collection
Volume
Page
Wylie

27a1 འཇིགས་བྱེད་པ་རྣམས། ། ཞ་ལ་རིག་པ་ལ་ཕྱག་གཉིས་སོ།། མེ་ཏོག་མཆོད་པ་ཡང་དག་བྲི།། དམ་པ་སྣ་ཚོགས་རིག་མ་ཡང་།། དཀྱིལ་འཁོར་ལ་ནི་མཆོད་པ་བྲི།། དེ་ནས་དཔའ་བོ་སྒྲུབ་པ་པོས།། དུང་ཆེན་གྱིས་ནི
27a2 བརྟན་བྱས་པ། ། ཐོད་པའི་ཕྲེང་བས་ཐོད་བཅིངས་པའི།། ཁྲག་འཐུང་གཟུགས་ནི་བསྒོམ་བྱེད་པས།། དེ་ལ་ཅང་ཏེའུ་བརྡུངས་ནས་སུ།། གར་བྱེད་ཅིང་ནི་ཁང་པར་འཇུག། དེ་ཡི་སྙིང་ཀར་གནན་པོའི་སྔགས་པ་རྩེ་ཡིག་དེ་ལ
27a3 ཟླབ་སྟེ། ། ལྷ་ཡི་དཀྱིལ་འབར་བདོད་ནས་སུ།། ཁྲག་རྟེན་གྱིས་རོ་གཏོར་བར་བྱ།། རབ་ལྡན་ཁྲག་འཐུང་སྔགས་པར་རོ།། སྒྲུབ་པ་པོས་ནི་བཟླས་མ་ཐག། ཁྲོ་དང་ལྡན་པར་ཨག་བཙར་བྱ།། རོ་ལངས་བྱས་དགང་སྒྲོགས་བྱེད
27a4 དེ་བསྔགས་པས་མི་འཇིགས་ཏེ། ། ཁྲག་འཐུང་སྔགས་ནི་དྲན་པར་བྱ།། ལངས་པའི་རོ་ལངས་དེ་ཡིས་ཀྱང་།། སྒྲུབ་པ་པོ་ལ་འདི་སྐད་སྨྲ།། དཔའ་ཆེན་པོ་ཀྱེ་ལས་གང་ཡང་།། བདག་ལ་བཀའ་སྩོལ་རྡོ་རྗེ་ཅན།། རལ་གྲི་མིག་སྨན
27a5 ས་འོག་དང་། ། མཁའ་ལ་རྒྱུ་བར་འདོད་པ་དག། སྒྲུབ་པ་པོས་ནི་གང་འདོད་པ།། ལས་དེ་དག་ནི་བསྒྲུབ་པར་བགྱི།། དེ་རས་སྒྲུབ་པ་པོ་ལ་ནི།། ཡིད་ལ་ག་དང་གང་འདོད་བསླང་།། དེ་ལྟར་ཐམས་ཅད་བསྒྲུབ་བྱ་བ།། རྒྱས་པའི་པ
27a6 མཱ་མ་ཀཱི། རོལ་ངས་བསྒྲུབ་པའི་མཆོག་གྱུར་པ།། རྡོ་རྗེ་བདུད་རྩི་ལས་བྱུང་ཡིན།། སྐུ་གསུང་ཐུགས་ཀྱི་བསྒྲུབ་དོན་ཏུ།། སྒྲུབ་པ་པོ་ཡི་བདེ་ཡང་འདྲེན།། རྡོ་རྗེ་བདུད་རྩི་བདེ་ཆེན་པོ།། བཅོམ
27a7 ལྡན་རྡོ་རྗེ་དེ་གསུངས་སོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཅན་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྡོ་རྗེ་བདུད་རྩི་རྒྱུད་ཆེན་པོ་ལས་རོ་ལངས་བསྒྲུབ་པ་བསྟན་པ་ཞེས་བྱ་བ་ལེའུ་བཅུ་པའོ།། དེན
27a8 ཅོམ་ལྡན་རྡོ་རྗེ་ཨུ0f7f། ། རྡོ་རྗེ་བདུད་ཅི་བདེ་མེ་པ། རྫོ་བདམ་ས་ཉ་མྱོང་།། ཁང་མི་གསུང་བར་ཆེར་བཞུགས་སོ།། དབུགས་དགག་ཕྱིར་ནས་མི་གཡོནས། མི་འཇིགས་པ་དང་མི་གསུང་བར།། ཏིང་འཛིན་མཆོག་ལ་ཞུགས་པ་ལ།། བཱ་མ་ཀཱིས




iiif viewer powered by OpenSeadragon

26b - 27b

Texts on this page

Q74 - rdo rje bdud rtsi'i rgyud