e-texts navigator
Collection
Volume
Page
Wylie

162a1 ཐམས་ཅད་མ་ལུས་པར། ། རབ་ཏུ་ག་དང་བྲོག་པ་ཉིད།། སམས་ཀྱང་རྫོ་བརྟན་པ་ཡས།། སྐ་ཅག་ཙམ་གྱིས་བྱེད་པར་འགྱུར།། འདོད་ཆགས་སྦྱོར་བའི་རྣལ་འབྱོར་བས།། འདོད་དགས་འཁོར་ལོ་བསྐྱེད་ནས་ནི།
162a2 སོ་ཐམས་ཅད་ཕྲོགས་ནས་སུ།། འདོད་པའི་སྦྱོར་བས་འདོད་པ་སྤྱོད།། དགའ་སྡུག་བདེ་བས་རངས་པ་ཡིས།། འདོད་པའི་རྩེད་པོས་རྣམ་པར་འཕྲལ།། དེ་ནས་འཁོར་ལོ་ཅན་ཀུན་ལ།། ལྷ་མོ་རབ་ཏུ་དབྲལ་བར་བྱ།། ཁམམ་གསུམ་དག་ཏུཿ།
162a3 ཡཾ་ལྷ་དང་ལྷ་མིན་ཆུང་མ་ཡང་།། སྐད་ཅིག་ཙམ་གྱིས་འདོད་སྤྱད་ན།། ས་ཡི་བུ་མོ་སྨོས་ཅི་གོས།། དཀྱིལ་འཁོར་དང་ནི་དབང་བསྐུར་དང་།། ལས་མཆོག་གེ་ནི་ཚིགས་རྣམས་པག། ཉམས་སུ་ཟད་ཅིང་བྱིན་རློབ་པ།། གྲུབ་པའི་བསོད
162a4 པ་གཞན་ཡིན་ནོ། ། བྷ་གའི་དཀྱིལ་འཁོར་ཞེས་ཀྱ་པ་དང་། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་།། ལུས་ཀྱི་དཀྱིལ་འཁོར་ཞེས་བཤད་པ།། གསུམ་པོ་དཀྱིལ་འཁོར་ཡིན་པར་གསུངས།། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི།
162a5 སངས་རྒྱས་ཐམས་ཅད་རྒྱས་བཏབ་པའོ།། དེས་ནི་རྟག་པར་རྒྱ་དགོད་པ།། དཀྱིལ་འཁོར་ཞེས་ནི་བསྟན་པ་ཡིན།། ལྕགས་ཀྱུ་དབྱིག་ཏོ་རྩ་གསུམ་དང་།། རལ་གྲི་མཚམས་སུ་རྣམ་པར་དགོད།། འདོད་རྒྱལ་ན་བྱིག་སྔོན་སྟོབས་མི་གཡོ།
162a6 སྟེ་ཏུ་འཁོར་ལོ་འོག་གནོད་མཛེས།། རིག་རྒྱལ་རྡོ་རྗེ་ཅན་རྣམས་ཀྱི།། འཁོར་ལོ་སྒྱུར་བ་དྲུག་གི་རྒྱ།། ས་ལ་སོགས་པ་སེམས་དཔའ་ཡི།། ཕྱག་རྒྱ་རང་གི་དཀྱིལ་འཁོར་པ།། མེ་ལོང་བི་བང་དུང་དང་ནི།། དེ་བཞིན་སྣོད་དང་སྣ་ཚོགས
162a7 རས། ཆོས་འབྱུང་བ་ཡི་ཕྱག་རྒྱ་དྲུག། རྡོ་རྗེའི་བདག་པོ་རྡོ་རྗེ་ཅན།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། ཁྲོ་རྒྱལ་རྣམས་ཀྱིས་རྒྱས་གདབ་པོ།། དེ་ནས་གཞན་ཡང་དཔའ་བོ་གཅིག། རིགས་ནི་ཁ་དོག་དག་གིས་བརྟག། ལྷ་མོ་དགུ
162a8 དད་ནམ་མཁའི་ཁམས། ། མེ་ཏོག་ཅེས་ནི་བཤད་པ་ཡིན།། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས།། རིགས་ཀྱི་རིམ་གྱིས་དགོད་པར་བྱ།། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི།། གཞུགས་གནས་ཕོ་བྲང་ཡིན་པར་བཤད།། ཡེ་ཤེས




iiif viewer powered by OpenSeadragon

161b - 162b

Texts on this page

Q81 - de bzhin gshegs pa thams cad kyi sku gsung thugs kyi gsang chen gsang ba 'dus pa zhes bya ba brtag pa'i rgyal po chen po