| | e-texts navigator
|
161b1 བདག་ཉིད་བཅུ་ལས་བྱུང་། ། འགོག་པའི་རྡོ་རྗེས་བསྒོམ་བྱ་ཞིང་།། མཆོག་ཏུ་མཛེས་པས་བསྒྲུབ་པར་བྱ།། རྡོ་རྗེ་འབར་བའི་སྤྲིན་སྨོས་པས།། མི་གཡོ་བ་དང་མཚུངས་པར་འཁོར།། དེ་ལྟར་ཆོས་འབྱུང་ཡེ་ཤེས་ནི།། རང་བཞིན་དྲིམ
161b2 མེད་ཞིག། ། བསྒོམས་པས་སྐད་ཅིག་ཉིད་ཀྱིས་ནི།། སངས་རྒྱས་སྤྱར་ན་རབ་ཏུ་འབྱུང་།། རྡོ་རྗེ་ཅན་གྱིས་ཆོས་བསྟན་པ།། རིམ་པ་གཉིས་ལ་ཡང་དག་བདེན།། བསྐྱེད་པའི་ནི་རིམ་ཉིང་དང་།། དེ་བཞི་རྫོགས་པའི་རིམ་པ་འོ།། སྐ་པ་དང་ན
161b3 དན་པར་དང་། ། དམ་ཚིག་དེ་བཞིར་སྡོམ་པ་རྣམས།། སྔར་ནི་ཀུན་རྒྱས་པར་ནི།། རིམ་པའི་དབྱེ་བས་ཕྱེ་བ་ཡིན།། གཟུགས་དང་སྒྲ་སོགས་འདོད་པ་ནི།། བདེ་སྡུག་གཉི་གའི་བདག་ཉིད་ཅན།། འདོད་ཆགས་ཞེ་སྡང་གཏི་མུག་སོགས།།
161b4 རྟག་ཏུ་སྣང་ལ་སྦ་བར་འགྱུར།། ཆགས་ལ་འདོད་ཆགས་རྡོ་རྗེ་ཅན།། རྡོ་རྗེ་འདྲ་བར་རིན་ཆེན་འབྱུང་།། རིན་ཆེན་བཞིན་དུ་དམ་ཚིག་ཤེས།། འདོད་པ་དེ་རྣམས་དམ་ཚིག་མཚུངས།། རྣམ་བཅས་དང་ཆེརྣམ་པ་མེད།། ཀུན་འགྲོ་ཡི་གེ་གས་མ།
161b5 བདག་ཉིད།། བྱ་བ་དང་ནི་དབྲོག་པ་དང་།། སྤོང་ང་རང་གི་བཟླས་པ་བྱའོ།། དེ་ལྟར་ཞེ་སྡང་གཏི་མུག་དག། ས་གསམ་དུ་ནི་བསྐྱེད་པར་བྱ།། གསང་བ་དག་པ་རྒྱས་བཏབ་ཅིང་།། རྡོ་རྗེ་ཅན་གྱི་དོན་བྱེད་དོ།། ཞེ་སྡང་སྦྱོར་བའི་རྣལ་འབྱོར་ཕྲ།
161b6 ཞེ་སྡང་འཁོར་ལོ་སྐྱེང་ནས་སུ།། རྡོ་རྗེ་དྲག་པོས་བཅོམ་ནས་ནི།། ཡེ་ཤེས་རྡོ་རྗེ་ཅན་གྱིས་པས།། དེ་ནི་སྤོབས་རྟོགས་བྱས་ལ།། དེ་བཞིན་སླར་ཡང་བསྡུ་བར་བྱའོ།། འདི་ལྷའི་སྦྱོར་བས་གོམས་བྱས་ར།། ཞེ་སྡང་རྡོ་རྗེའི་བདག
161b7 ད་འགྲུང། ཁམས་གསུམ་པོ་ནི་མ་ལུས་པ།། གསང་དང་དེ་བཞིན་གསོབ་པ།། མང་ཅིག་ཙམ་གྱིས་བྱེད་པར་ནི།། མངོན་དུ་ནུས་པར་འཚམ་མེད།། གཽཏི་མུག་སྟོང་བའི་རྣལ་འབྱོར་པས།། གཏི་མུག་འལ་ལོ་བསྐད་ནམ
161b8 རྒྱན་ལ་སོགས་པ་གང་ཅའང་དྲ་། ང་དག་ཐམས་ཅད་ཅག་ཅུ་བཀྲ། གཉི་མུག་སེམས་ཀྱི་རྒྱམཚ་བ་སྒོམ།། ན་ཆེན་ཐ་ཀྱིས་བཏུ་གང་།། གཉིསག་ལ་ཁར་མཅན་པ་གྱིས་། སྤྱན་པ་ཆར་ན་བདུལ་བས།། རྫས་རྣམས
iiif viewer powered by OpenSeadragon
161a - 162a