e-texts navigator
Collection
Volume
Page
Wylie

97b1 ཞིང་མགུལ་རབ་དད་པའི། ། སེམས་དཔའ་ཆེན་པོས་གསང་བའི་དོན།། རབ་ཏུ་ཞུས་པ་ལེགས་སོ་ལེགས།། ཤིན་དུ་རྨད་དུ་བྱུང་བ་ཡི།། གདུལ་དཀའ་མ་ལུས་གདུལ་དོན་དུ།། བྱང་ཆུབ་སེམས་ཀྱིས
97b2 ཤེས་མཛོད། ། ཁྱོད་ལ་ཡང་དག་བསྟན་པར་བྱ།། དེ་ནས་དངོས་གྲུབ་ཐམས་ཅད་ཀྱི།། གྲུབ་པ་རབ་ཏུ་སྟེར་བྱེད་པ།། རྒྱལ་བ་ཀུན་གྱི་སྙིང་པོ་སྟེ།། གསང་བ་ལས་ཀྱི་རིམ་པ་ཉིད།། དུས་གསུམ་སངས་རྒྱས
97b3 ཐམས་ཅད་ཀྱི། ། བསྟན་པ་བསྲུང་ཞིང་བཀའ་ལ་གནས།། དམ་ཚིག་འཛིན་པའི་ཞིང་སྐྱོང་ལ།། མགོན་པོས་བཅུའི་དབང་ཕྱུག་གཙོ།། དཔལ་ལྡན་རིགས་འཛིན་ཐམས་ཅད་ལ།། མཆོག་ཏུ་གྱུར་པའི
97b4 ལས་སྒྲུབ་པ། ། དཔལ་ལྡན་ནག་པོ་ཆེན་པོ་ནི།། འདིས་ནི་ལྷ་མིན་འདུས་པ་ཡི།། གཡུལ་ལས་རྒྱལ་བར་བྱེད་པ་ཡིན།། ལྷ་སྲིན་སྡེ་བརྒྱད་མ་ལུས་པས།། མཆོད་པས་གཙོ་བོར་གྱུར་པ་ཡིན།། དཔལ་ལྡན་ལྷ་མོ
97b5 ཆེན་པོ་དང་། ། ནག་མོ་རེ་མ་ཏིར་གྱུར་པས།། ལྡུམ་དྲལ་གྱུར་པས་བསྟན་པ་བསྲུང་།། སྐུ་དང་གསུང་དང་ཐུགས་གསང་བ།། ཕྱི་ནང་དེ་ཉིད་ཁོ་ནའི་དོན།། ཡོན་ཏན་ཕྲིན་ལས་དབང་ཕྱུག་དུ།། དམ་ཚིག་མགོན་པ
97b6 ཞིང་སྐྱོང་ང། ། ཉི་ཤུ་རྩ་བཞིའི་གཙོ་བོ་སྟེ།། གཞན་ཡང་དུས་གསུམ་དབང་བྱེད་པའོ།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུ་ལས་གསང་བ་སྤྱིལ་དགོངས་པའི་ལེའུ་སྟེ་གཉིས་པའོ།།
97b7 དེ་ནས་གསང་བ་བཤད་བྱ་བ།། འདི་ནི་བླ་མེད་སྒྲུབ་པ་པོ།། འཁོར་བའི་རྒྱ་མཚོར་ལྟུང་བ་ཡི།། སེམས་ཅན་དུ་ཁ་གཟིགས་ནས་ནི།། ཇི་ལྟ་ཇི་ལྟར་གྲོལ་འགྱུར་བ།། དེ་དང་དེ་ཡི་ཐབས་སྟོན་མཛད།། དུས་ནི་བསྐལ
97b8 བ་བཟང་པོ་ཡི། ། རྫོགས་ལྡན་ཐ་མར་གྱུར་པ་ཡི།། དཔག་མེད་དུས་ལས་འདས་ནས་ནི།། གཉིས་ལྡན་དང་ནི་གསུམ་ལྡན་ལས།། རྩོད་པའི་དུས་ཀྱི་རིམ་པ་ལ།། བཅོམ་ལྡན་ཚེ་ལོ་བརྒྱ་པའི་དུས།། དེ་ཉིད་བསྟན




iiif viewer powered by OpenSeadragon

97a - 98a

Texts on this page

Q62 - dpal rdo rje nag po chen po khros pa'i mgon po gsang ba dngos grub 'byung ba zhes bya ba'i rgyud